R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༦༢
[A:༢༦༢]འདོད་པའི་བློ་གསལ་དག་གིས་བརྡ་སྤྲོད་པའི་གཞུང་ལུགས་ལ་འབད་པ་ཆེན་པོས་བརྩོན་པར་བྱའོ་ཞེས་སྙིང་ནས་གདམས་སོ། ། གཉིས་པ་རྒྱལ་སྲས་ཀྱིས་མཛད་ཚུལ་ནི། ཀུན་ཤེས་ལས། འཇམ་པའི་དབྱངས་དང་འཇིག་རྟེན་དབང་ཕྱུག་གིས། །དུས་ཀྱི་འཁོར་ལོའི་དབྱངས་གསལ་ལ་བརྟེན་པའི། །ཡི་གེའི་བསྡུ་བ་མཛད་པའི་སྒྲ་ཡི་མདོ། །ཡོད་པར་དབྱངས་འཆར་མདོར་བསྡུས་ཐོག་མར་གསལ། །ཞེས་གསུངས་པ་ལྟར། འཇམ་དབྱངས་དང་སྤྱན་རས་གཟིགས་ཀྱིས་གསུངས་པའི་སྒྲ་མདོ་ཡང་ཡོད་པ་ཡིན་ཏེ། དུས་འཁོར་དབྱངས་འཆར་གྱི་མདོར་བསྡུས་ཐོག་མར། དབྱངས་དག་གི་དང་པོ་ཨ་ཡིག་ཡིན་པ་དེ་ནི། ཨ་སོགས་ལྔ་སྟེ། ཨ་ཨི་རྀ་ཨུ་ལྀ་ཞེས་རང་བྱུང་གི་བཤད་པའོ། །ཨ་ཨི་ཨུ་ཎ་རྀ་ལྀ་ཀ་ཞེས་པ་ནི་སོ་སོར་བསྡུ་བ་གཟུང་ཕྱིར་རོ། །ཨེ་ཨོ་ཞེས་བཀླག་པ་ལས་མཚམས་སྦྱོར་གྱི་ཡི་གེ་སྟེ། ཨེ་ཡིག་དང་ཨོ་ཡིག་དག་གི་ཡོན་ཏན་གྱིས་སོ། །རྀ་ཀྲྀ་ཨ་ཎ་ལས་རི་ལ་དག་གོ། །ཞེས་པའི་མདོའི་ཕྱིར། རྀ་ལི་དག་ནི་མ་ནིང་དུ་མི་འགྱུར་ཏེ། དེ་གཉིས་ཀྱང་ཡོན་ཏན་དང་ལྡན་པས་ཨེ་ཡིག་ལ་སོགས་པ་རྣམས་དང་ཁྱད་མེད་དོ། །ཞེས་སོགས་ནས་དེ་དག་ཀྱང་ནམ་མཁའ་ལ་སོགས་རང་བཞིན་གྱི་དབང་གིས་གྲངས་བཞིན་དུ་འཇམ་དཔལ་གྱིས། རང་གིས་བརྡ་སྤྲོད་པ་ལས་བྲིས་སོ་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ལྷ་ཡུལ་དུ་བྱུང་ཚུལ་ནི། ཀུན་ཤེས་ལས། ཚངས་པ་རྟག་ཞི་བས་བྱས་པ་ཡང་ཡོད། །བརྒྱ་བྱིན་གྱིས་བྱས་ཨིནྡྲ་བུ་ཀ་ར། དེ་ལ་དྲང་སྲོང་ཕུར་བུས་ལེགས་སྦྱངས་པས། །ཤིན་ཏུ་མཁས་པའི་ང་རྒྱལ་མཆོག་ཏུ་གྱུར། །ང་རྒྱལ་བརྒྱ་བྱིན་གྱིས་བཅོམ་ཞུམ་ནས་ནི། །ལྷ་ཕྲན་བློ་གསལ་མང་ལ་འཆད་འཕྲོ་བཞག །ད་དུང་རང་ཉིད་སྒྲ་ལ་སྦོང་བར་ཞུས། །ཉན་འཆད་གཉིས་