R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༤༥
[A:༢༤༥]དཀོན་མཆོག་རྒྱལ་པོ་ཉེར་གཅིག་ལོན། ཇོ་བོ་མེ་རྟ་ལ་གཤེགས་པའི་ལོ་དེ་ནས་ལོ་བརྒྱད་པ་ཆུ་མོ་གླང་འཁོན་གྱིས་བཞི་བཅུ་པར་དཔལ་ལྡན་ས་སྐྱ་བཏབ་ཅེས་བྱའོ། འདས་ལོ་ནས་སུམ་སྟོང་ཉིས་བརྒྱ་དང་བརྒྱད་ཅུ་རྩ་དྲུག་ཆུ་མོ་བྱ་
སྤྱི་ལོ་༡༡༥༣
ལ་སྣར་ཐང་གི་ཆོས་སྡེ་གཏུམ་སྟོན་བློ་གྲོས་གྲགས་ཀྱིས་བཏབ། དེ་ནས་ཤིང་བྱི་འདི་བར་ལ་བཞི་བརྒྱ་དང་བཅུ་གཉིས་ལོན། སུམ་སྟོང་ཉིས་བརྒྱ་དང་དགུ་བཅུ་རྩ་གཅིག་པ་ས་ཕོ་སྟག་
སྤྱི་ལོ་༡༡༥༨
ལ་ཡེ་ཤེས་སེང་གེས་ཕག་མོ་གྲུ་བཏབ། དེ་ནས་བཞི་བརྒྱ་དང་བདུན། སུམ་སྟོང་སུམ་བརྒྱ་དང་བརྒྱད་དུ་སླེབ་པ་ཤིང་མོ་ལུག་
སྤྱི་ལོ་༡༡༧༥
ལ་འཚལ་ཞང་བཙུན་གྲགས་ཀྱིས་བཏབ།
དེ་ནས་སུམ་བརྒྱ་དང་དགུ་བཅུ། སུམ་སྟོང་སུམ་བརྒྱ་བཅུ་གཉིས་པ་ས་མོ་ཕག་
སྤྱི་ལོ་༡༡༧༩
ལ་འབྲི་གུང་བྱོན། འདེབས་མཁན་འབྲི་གུང་འཇིག་རྟེན་མགོན་པོས་ལོ་སོ་བདུན་ལོན་པའི་ཚེའོ།
དེ་ནས་སུམ་བརྒྱ་དང་བརྒྱད། སུམ་སྟོང་སུམ་བརྒྱ་བཅུ་གསུམ་པ་ལྕགས་ཕོ་བྱི་
སྤྱི་ལོ་༡༡༨༠
ལོར་སྟག་ལུང་བྱོན། འདེབས་མཁན་སྟག་ལུང་བཀྲ་ཤིས་དཔལ་གྱིས་སོ་དགུ་ལོན་པའི་ཚེའོ།
དེ་ནས་སུམ་བརྒྱ་དང་བདུན། སུམ་སྟོང་སུམ་བརྒྱ་དང་དགུ་བཅུ་(ཉི་ཤུ་པ།) མེ་མོ་ལུག་
སྤྱི་ལོ་༡༡༨༧
ལ་གུང་ཐང་ཞང་བཙུན་གྲགས་ཀྱིས་བཏབ།
དེ་ནས་སུམ་བརྒྱ་དང་དོན་བརྒྱད། སུམ་སྟོང་སུམ་བརྒྱ་དང་དགུ་བཅུ་རྩ་གཉིས་པ་ས་མོ་ལུག་
སྤྱི་ལོ་༡༢༥༩
ལ་ཟང་ཟང་ནེ་རིང་བྱོན། འདེབས་