R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༤༤
[A:༢༤༤]གླང་
སྤྱི་ལོ་༡༠༤༩
ལ། བོ་དོང་བྱོན། འདེབས་མཁན་བཤེས་གཉེན་མུ་ཏ་ཆེན་པོ་ཡིན་ས་གླང་དེ་ནས་ལྔ་བརྒྱ་དང་བཅུ་བདུན་ལོན།
སུམ་སྟོང་བརྒྱ་དང་དགུ་བཅུ་རྩ་དྲུག་པ་(འདས་པའི་རྩ་བདུན་) ཤིང་ཕོ་འབྲུག་
སྤྱི་ལོ་༡༠༦༤
ལ་ལམ་འབྲས་པའི་སེ་མཁར་ཆུང་བྱོན། དེ་ནས་ལྔ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ལོན། སུམ་སྟོང་དང་ཉིས་བརྒྱར་སླེབ་པའི་མེ་མོ་ལུག་
སྤྱི་ལོ་༡༠༦༧
ལ་བྱང་རྭ་སྒྲེང་བྱོན། འབྲོམ་སྟོན་གྱི་ལྔ་བཅུ་རྩ་གཅིག་ལོན་ཚེ་བཏབ། མེ་ལུག་དེ་ནས་བཞི་བརྒྱ་དང་དགུ་བཅུ་རྩ་བརྒྱད་ལོན། འདི་དུས་གསལ་ལྟར་ཡིན། འབྲོམ་གྱི་ལམ་ཡིག་སོགས་ལྟར་ན། ཇོ་བོ་གཤེགས་པའི་ཕྱི་ལོ་མེ་མོ་ལུག་ལ་སྙེ་ཐང་དུ་ཇོ་བོའི་གཤེགས་རྫོང་རྒྱ་ཆེར་བསྒྲུབས། དེའི་ཕྱི་ལོ་ས་ཕོ་སྤྲེལ་ལོ་འབྲོམ་རང་གི་ལྔ་བཅུ་རྩ་གཉིས་ལོན་པའི་ཚེ། རྭ་སྒྲེང་བཏབ་ཅེས་བྱའོ།
སུམ་སྟོང་ཉིས་བརྒྱ་དང་བཞིར་སོན་པའི་ལྕགས་མོ་ཕག་
སྤྱི་ལོ་༡༠༧༡
ལ་གསང་ཕུ་ནེའུ་ཐོག་གི་ཆོས་སྡེ་བྱོན། དེ་ནས་བཞི་བརྒྱ་དང་དུག་བཅུ་རྩ་བཞི། འདེབས་མཁན་རྔོག་ལེགས་ཤེའོ། (དེབ་སྔོན་ལས་འདེབས་ལོ་གཅིག་ཅེས་དང་། གཏམ་གྱི་རོལ་མཚོ་ལས། ལོ་བཅོ་ལྔའི་བར་ཁྱད་བཅོས་པ་སོགས་མ་མཐུན་པ་ཅུང་ཟད་འདུག་ནའང་། འདི་ས་ལུགས་དུས་གསལ་རྩ་བ་རེའུ་མིག་དང་བཅས་པའི་ལུགས་སོ) །
སུམ་སྟོང་ཉིས་བརྒྱ་དང་དྲུག་ཏུ་སླེབས་པའི་ཆུ་མོ་གླང་
སྤྱི་ལོ་༡༠༧༣
ལ་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་བྱོན། འཁོན་དཀོན་མཆོག་རྒྱལ་པོས་བཞི་བཅུ་ལོན་པའི་ཚེ་བཏབ། ཆུ་གླང་དེ་ནས་བཞི་བརྒྱ་དང་དགུ་བཅུ་རྩ་གཉིས་ལོན། (རང་ལུགས་དུས་གསལ་ལྟར་ན། ཇོ་བོ་བྱོན་པའི་ཤིང་མོ་སྟག་ལོར་འཁོན་