R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༤༦
[A:༢༤༦]མཁན་སྲས་བདེ་ལེགས་རྒྱལ་མཚན་ཡིན། དེ་ནས་སུམ་བརྒྱ་དང་དྲུག་ལོན། སུམ་སྟོང་བཞི་རྒྱ་དང་ཉག་མ་གཅིག་ཏུ་སླེབས་པ་ས་ཕོ་འབྲུག་
༡༢༦༨
ལོར་ས་སྐྱའི་ལྷ་ཁང་ཆེན་མོ། འཕགས་པ་རིན་པོ་ཆེས་སོ་བཞི་བཞེས་པའི་ཚེ། དཔོན་ཆེན་ཤཱཀྱ་བཟང་པོས་ཁྲི་སྐོར་བཅུ་གསུམ་བསྐུལ་ནས་བཏབ།
དེ་ནས་ཉིས་བརྒྱ་དགུ་བཅུ་རྩ་བདུན། དཔལ་དམ་རིགས་ཀྱི་ཆོས་སྡེ་ཡང་། སུམ་སྟོང་བཞི་རྒྱ་ཉི་ཞུ་ཁ་འདྲེན་གྱི་སྐབས་སུ་བཏབ་པར་སེམས་ཏེ། མཁན་པོ་གསུམ་པ་གངས་ཁྲོད་པ་གྲགས་པ་དཔལ་གྱིས་དགུང་ལོ་བཞི་བཅུ་ལོན་པ་ལྕགས་མོ་ལུག་ལོར། སི་ཏུ་རྡོ་རྗེ་མགོན་པོ་དང་འཛིམ་པ་རྒྱལ་མཚན་དཔལ་གྱིས་བཀས་བསྐུལཏེ་མཁན་པོ་མཛད་པ་ཡིན་ལ། ཁོང་གིས་མཁན་པོ་མཛད་པའི་ལོ་དེ་ལ། གྲྭ་པ་ཕོག་ལེན་ལྔ་བཅུ་དང་ཁོང་དཔོན་སློབ་བཅུ་སྟེ་དྲུག་ཅུ་ཙམ་ལས་མ་བྱུང་། ལོ་གཉིས་ནས་བརྒྱས་དང་བཅུ་གཞིར་འཕེལ་བས་བརྒྱ་སྟོན་དྲུག་ཅུ་ཙམ་ལས་མ་བྱུང་། ལོ་གཉིས་ནས་བརྒྱ་དང་བཅུ་བཞིར་འཕེལ་བས་བརྒྱ་སྟོན་བཟང་པོ་མཛད་ཅེས་གངས་པའི་རྣམས་ཐར་ན་བཞུགས་ཤིང་། ཁོང་གིས་མཁན་པོ་གནང་བའི་ལོ་དེ་ནི་འདས་ལོ་ནས་སུམ་སྟོང་བཞི་བརྒྱ་དྲུག་ཅུ་རྩ་དྲུག་པ་ཡིན་ལ། དེ་གོང་དུ་ཡང་ཆོས་སྡེ་བཏབ་ནས། མཁན་རབ་གཉིས་སོ་བ་ལས་ཤེས་སོ། ཆོས་སྡེ་འདི་ཉིད་ཀྱི་མཁན་རབས་ནི། ཤཱཀྱ་སེང་གེ་ནས། འཇམ་དབྱངས་བློ་གྲོས་རྣམ་རྒྱལ་གྱི་བར་ཉི་ཤུ་རྩ་དགུ་ཡིན་ལ། བཟང་ལྡན་ཆོས་སྡེ་ཡང་། དཔལ་ངམ་རིངས་ཆོས་སྡེའི་རྗེས་ཙམ་ལ་བྱོན་པ་ཡིན་ཏེ། ཀུན་སྤངས་ཆོས་གྲགས་དཔལ་གྱིས་བདག་རྐྱེན་མཛད་དེ། བཟང་ལྡན། འགའ་རོང་། ཆད་ཁ་ཆོས་སྡེ་གསུམ་དུས་མཉམ་དུ་བཏབ་ཅེས་འབྱུང་ཞིང་།