R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༢༢
[A:༢༢༢] བའི་དབྱིངས་སུ་གཤེགས་སོ། སུམ་སྟོང་ལྔ་བརྒྱ་དང་ལྔ་བཅུ་རྩ་དྲུག་འདས་པའི་ང་བདུན་པ་ཤིང་ཕོ་འབྲུག་
སྤྱི་ལོ་༡༤༢༤
ལོར་མཚུངས་མེད་རྡོ་རྗེ་རྒྱལ་མཚན་ཆག་སྐྱར་སྐྱའི་ཕུའི་འབྲོག་གསེབ་ཏུ་བྱོན། ཐེག་ཆེན་ཆོས་རྗེ་དོན་དྲུག་བཞེས་པའི་ལོ་དེ་ཡིན། འདི་ཉིད་བྱམས་ཆེན་རབ་འབྱམས་པ་ལས་ལོ་བཅུ་གསུམ་གྱིས་གཞོན། པཎ་ཤཱཀ་པ་ལས་བཞི་དང་། ཀུན་མཁྱེན་གོ་རམས་ལས་ལོ་ལྔས་བགྲེས། ཟླ་བ་གཉིས་ནས་མངའ་རིས་གུང་ཐང་དུ་སྤྱན་དྲངས། ལོ་བརྒྱད་པ་ལ་གླང་འཁོར་བ་མཉྫུ་ཤྲཱི་ལས་རབ་བྱུང་མཛད། དགུ་པ་ལ། ཤ་ར་བའི་དངོས་སློབ་ཀུན་སྨོན་མཛེས་པའི་དཔལ་གྱིས་བཏབ་པའི་དགོན་པ་མུས་སྲད་ཀྱི་གདན་སེང་གེའི་ཁྲི་ལ་ཞབས་བསྟེན། ལོ་གསུམ་གྱི་བར་དུ་ཆོས་རྗེ་ཡོན་ཏན་མགོན་པོ་ལས་རྟ་མགྲིན་ཡང་གསང་སོགས་གསན། བཅུ་གཅིག་པ་ཤིང་ཕོ་སྟག་ལོར། གུང་ཐང་གི་ཆོས་གྲགས། བླ་ཆེན་ཆོས་དཔལ་བཟང་པོ་ལོ་རེ་བཞི་བཞེས་པའི་ཚེ་ཞབས་པད་བསྟེན། ལོ་དྲུག་གི་བར་དུ་རྒྱུད་གསུམ་གྱི་གསན་སྟོང་སོགས་དཔལ་ལྡན་ས་སྐྱའི་གསུང་རབ་དྲི་མེད་པ་ཐུགས་ལ་སྨིན། ལོ་བཅོ་བརྒྱད་པ་ལྕགས་མོ་བྱ་ལོར། དཔལ་ངམ་རིངས་ཀྱི་ཆོས་གྲྭར་རྡོ་རྗེ་འཆང་ཨཱ་ནན་ཏ་མ་ཏི་ལོ་བདུན་ཅུ་པ་ཞིག་དང་། མཉམ་མེད་དཔལ་ལྡན་ཆོས་སྐྱོང་གི་ལོ་སོ་གཉིས་པ་ཞིག་གི་ཞབས་ལ་གཏུགས་ཏེ། ཨཱ་ནན་ཏ་པ་ལས། ལོ་ནག་དྲིལ་གསུམ། འཇིགས་བྱེད་རྭ་ལུགས། ཕག་མོ་སྐོར་གསུམ། ཆོས་སྐྱོང་གི་མན་ངག་སོགས་དང་། བདག་ཆེན་དཔལ་ཆོས་དྲུང་དུ་རྒྱུད་གསུམ་ལས་བྱུང་བའི་དབང་བཀའ་བཅུ་བདུན་སོགས་དང་། བདེ་ཀྱེས་ཀྱི་བཀའ་དུ་མ་གསན། བཅུ་དགུ་པ་ལ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པས་མཁན་པོ་དང་། ནམ་མཁའ་ལྷུན་བཟང་པས་སློབ་དཔོན་མཛད་