R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༡༡
[A:༢༡༡]དོན་གྲུབ་དཔལ་འབྱོར་དང་། དགེ་འདུན་སྒང་པའི་མཁན་པོ་སེང་གེ་དཔལ་གཉིས་སོ༎ གཙུག་རྒྱན་བཅུ་དྲུག་ནི་དམ་པ་རྒྱ་གར་གྱི་གདན་ས་པ་གླང་འཁོར་ཆོས་རྗེ་ཀུན་དགའ་རྒྱལ་མཚན། པན་ཆེན་འབུམ་ཕྲག་གསུམ་པའི་གདན་ས་པ་མཁན་ཆེན་ནམ་མཁའ་རིན་ཆེན། ཡང་དེའི་མཁན་པོ་ཉིད་ཀྱི་དབོན་པོ་བཤེས་གཉེན་བློ་གྲོས་རྒྱལ་མཚན། ངམ་རིངས་མཁན་ཆེན་བསོད་ནམས་སྐྱབས། ཡང་དེའི་མཁན་པོ་དཀོན་ཁང་པ་ཉི་མ། མངོན་དགའི་ཆོས་དཔོན་འཇམ་དབྱངས་ཀུན་ལེགས། དེའི་མཁན་པོ་རྒྱལ་མཚན་བློ་གྲོས། ཉང་སྟོད་བདེ་ཆེན་གྱི་མཁན་པོ་དཀོན་མཆོག་བཟང་པོ། བྱམས་ཆེན་གྱི་མཁན་པོ་སྐུ་སྐྱེ། འཛིམ་པའི་མཁན་པོ་བཀྲ་ཤིས་རིན་ཆེན། མཁན་ཆེན་ལྷའི་རྒྱལ་པོ། འདུས་པ་འབྲིང་གི་རྩོམ་ཡིག་པ་ནམ་མཁའ་རྒྱལ་མཚན། འཕགས་པ་ནམ་སྙིང་། འདར་མཁན་ཆེན་བདེ་གཤེགས་རྒྱལ་མཚན། དགེ་འདུན་སྒང་པཻ་མཁན་པོ་བྱང་ཆུབ་མཆོག་ལྡན་ཏེ་བཅུ་དྲུག་གོ༎ མདོ་རབ་འབྱམས་པ་བཞི་ནི། གསང་ཕུ་གོ་རབ་འབྱམས་པ། ཤེལ་དཀར་བ་ཡོན་ཏན་རྒྱ་མཚོ། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ། མངའ་རིས་པ་ནམ་མཁའ་བསོད་ནམས་དང་བཞིའོ༎ སྔགས་རམས་པ་གཉིས་ནི། ཤབ་ལྷུན་རྩེ་བ་ཀུན་མཁྱེན་འཕགས་འོད་དང་། རྨོག་ལྕོག་པའི་གདན་ས་བ་སངས་རྒྱས་དཔལ་གཉིས་སོ༎ སྒྲུབ་པའི་རྒྱལ་མཚན་འཛིན་པ་བཞི་ནི། ཇོ་གདན་རས་ཆེན་གཞོན་ནུ་དཔལ། ཆོས་རྗེ་བརྩོན་འགྲུས་རྒྱལ་མཚན། ལ་ཕྱི་བ་ནམ་མཁའ་རྒྱལ་མཚན།