R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༡༢
[A:༢༡༢] གྲུབ་པའི་རྒྱལ་མོ་བསོད་ནམས་འབུམ་དང་བཞིའོ༎ སྔགས་འཆང་དྲག་པོ་གཉིས་ནི། ངམ་རིངས་ཀྱི་ཨཱ་ནནཏ་དང་། གུང་ཐང་གི་བླ་ཆེན་ཆོས་དཔལ་བཟང་པོ། དཀའ་བཅུ་སྟོང་ཕྲག་ནི་བསོད་ནམས་བློ་གྲོས་སོགས་སོ༎ དཀའ་བཅུ་སྟོང་ཕྲག་ཟུང་ནི། མུ་སྲད་དཀའ་བཞི་པ་སོགས་སོ༎ ཕར་ཚད་ཁྲི་ཕྲག་བརྒལ་བ་ནི། དེ་དུས་ཀྱི་བཤེས་གཉེན་ཕལ་ཆེ་བའོ༎ སྒྲུབ་ཆེན་ལྔ་བཅུ་ནི། རྣལ་འབྱོར་པ་རྡོ་རྗེ་ཕག་མོ་སོགས་སོ༎ དེས་དཔང་ལོ་ཆེན་པོའི། བོ་དོང་ཨེའི་གདན་སེང་གེའི་ཁྲི་ལ་འཁོད་པ་ཡིན་ལ། དེའི་སྣག་གི་དབོན་པོ་པན་ཆེན་འདི་ཉིད་དོ། དབོན་རྒྱུད་དེ་དག་གིས་རིམ་པར་བཟུང་ཞིང་བོ་དོང་པ་ཞེས་སྙན་པར་གྲགས་སོ༎ དེས་ན་ལོ་འདི་ནི་པན་ཆེན་འདི་བྱོན་པའི་སྦྲུལ་ནས་བརྒྱ་དང་བརྒྱད་ཅུ་རྩ་བརྒྱད་ཡིན་ལ། པན་ཆེན་འདི། དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཀུན་དགའ་རྣམ་གཉིས་ལས། ལོ་བདུན་གྱིས་བགྲེས་ཤིང་རོང་སྟོན་ཆེན་པོ་ལས་ལོ་བཅོ་བརྒྱད་ཀྱིས་གཞོན་ནོ། མངའ་རིས་བླ་ཆེན་ཆོས་དཔལ་བཟང་པོ་ལྕགས་མོ་ཕག་ལོ་བ་སྟེ། པན་ཆེན་འདི་ཉིད་ལས་ལོ་ལྔས་བགྲེས། ཨཱ་ནན་ཏ་པ་ཆུ་ཕོ་བྱི་ལོ་པ་སྟེ་པན་ཆེན་འདི་བས་ལོ་བཞིས་བགྲེས་པ་ཙམ་ཡིན་ནོ། པན་ཆེན་འདིས་དོན་བདུན་བཞུགས། སུམ་སྟོང་ལྔ་བརྒྱ་དང་བཅུ་འདས་པའི་བཅུ་གཅིག་པ་ཤིང་མོ་གླང་(ས་ཕོ་རྟ)
སྤྱི་ལོ་༡༣༧༨
ལ། སུམ་སྟོང་ལྔ་བརྒྱ་དང་བཅུ་བཞི་འདས་པའི་བཅོ་ལྔ་པ་