R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༡༠
[A:༢༡༠] སྔགས་འཆང་བའི་ཁྱུ་མཆོག་གཅིག་པུ་ནི། རྡོ་རྗེ་འཛིན་པ་ཀུན་དགའ་རྒྱལ་མཚན་ནོ༎ ཉི་མ་དང་ཟླ་བ་ལྟར་གྲགས་པ་གཉིས་ནི། མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་དང་། སྤང་ལོའི་[དཔང] སྐུ་སྐྱེར་གྲགས་པ་བློ་གྲོས་བརྟན་པ་གཉིས་སོ༎ འཇིག་རྟེན་གྱི་མིག་གསུམ་ནི། ཨེའི་ལོ་ཙཱ་བ་བསོད་ནམས་བཟང་པོ། ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། ལོ་ཙཱ་བ་ཐུགས་རྗེ་དཔལ་ཏེ་གསུམ་མོ༎ ཕྱོགས་ལས་རྣམ་རྒྱལ་གྱི་མཁས་པ་དྲུག་ནི། བོ་དོང་སྟག་སྡེ་པ་དོལ་པ་རྒྱལ་མཚན་གྲགས། སྤྱི་བོ་ལྷས་ཀྱི་མཁན་པོ་བཤེས་གཉེན་ཉི་མ། རྩེ་ཐང་པ་ཆོས་ཀྱི་གྲགས་པ། གསང་ཕུ་བ་བཀའ་བཅུ་པ་པདྨ་བཟང་པོ། སྣར་ཐང་པ་དགེ་འདུན་གྲུབ་པ། ཤངས་ཆོས་འཁོར་སྒང་པའི་མཁན་ཆེན་བཀའ་བཅུ་པ་ཤེས་རབ་རིན་ཆེན་ཏེ་དྲུག༎ མདོ་སྔགས་ཡོངས་རྫོགས་བཅུ་ནི། བོ་དོང་རྟ་རའི་ཆེན་པོ་རིན་ཆེན་ཆོས་བཟང་བ། དོལ་པ་རྒྱལ་བཟང་། བོ་དོང་གྲང་མོ་ཆེཨི་རྒྱལ་གྲགས། གྲང་མོ་ཆེའི་ཆེན་པོ་ཤེར་གྲགས། སྟག་སྡེ་པ་ཤེར་དཔལ། སྒྲོ་སྨོན་ཅན་གྱི་བླ་མ་ཀུན་དཔལ། བོ་དོང་རྟ་རའི་ཆེན་པོ་འཇམ་དཀར། བོ་དོང་གྲང་མོ་ཆེའི་ཆེན་པོ་སེང་གེ་རྒྱལ་མཚན། སློབ་དཔོན་ཆོས་ཀྱི་ཉི་མ། གསང་ཕུ་རོང་ཆུང་ཤེས་རབ་དཔལ། དཀའ་བཅུ་པ་རཏྣ་ཤྲཱི། རྗེའི་དབོན་པོ་ཤེལ་དཀར་མཁན་ཆེན་རྗེ་བཙུན་པ། ངམ་རིངས་རབ་འབྱམས་པ་སངས་རྒྱས་སེང་གེ་སྟེ་བཅུའོ༎ (གསུམ་ལྷག) ཁ་ཆེ་བསོད་སྙོམ་པའི་གདན་ས་པ་གཉིས་ནི། ཚོགས་ཆེན་པོའི་མཁན་པོ་