R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༠༩
[A:༢༠༩]པ་དཀའ་བཅུ་པ་དཔལ་ལྡན་བཟང་པོ། ཐ་སྙད་གཙུག་ལག་གི་བཀའ་བབས་དཔལ་ཨེའི་བཀའ་བཅུ་པ་ནམ་མཁའ་དཔལ་བཟང་། ཚད་མ་རིག་པའི་བཀའ་བབས་སྟག་ལུང་དཀའ་བཞི་པ་མཉྫུ་ཤྲཱི། འདུལ་བའི་བཀའ་བབས་གུང་ཐང་པ་དཔལ་ལྡན་སེང་གེ།མངོན་པའི་བཀའ་བབས་གསང་ཕུ་བ་བཟོད་པ་བློ་གྲོས་རྒྱ་མཚོ། ཕར་ཕྱིན་བཀའ་བབས་གུང་ཐང་པ་རྒྱལ་མཚན་དཀོན་མཆོག། བྱམས་ཆོས་ཀྱི་བཀའ་བབས་ས་སྐྱ་བཀའ་བཅུ་པ་མཆོག་གི་བློ་གྲོས། དབུ་མའི་བཀའ་བབས་བཀའ་བཞི་པ་ཤར་མགོན། སྤྱོད་འཇུག་གི་བཀའ་བབས་ས་སྐྱ་བྱང་སེམས་གཞོན་ནུ་རྒྱལ་མཆོག། འཆད་པའི་བཀའ་བབས་སྨར་ཁམས་པ་གྲགས་པ་བཟང་པོ། རྩོད་པའི་བཀའ་བབས་ཤེལ་དཀར་བ་ཐུགས་རྗེ་དཔལ་བཟང་། རྩོམ་པའི་བཀའ་བབས་རྩེ་ཐང་པ་བསོད་ནམས་རྒྱལ་མཚན། བཙུན་པའི་བཀའ་བབས་གུང་ཐང་པ་མ་ཏི་བི་ཛ་ཡ་dm: བློ་གྲོས་རྣམ་རྒྱལ། སྲིད་པ་ལས་གྲོལ་བའི་བཀའ་བབས་རྒྱལ་ཁམས་ཀྱི་སྤོང་བ་པ་ཡོན་ཏན་སེང་གེ། མོས་གུས་ཀྱི་བཀའ་བབས་སྐུ་ཞང་འཇམ་དབྱངས་ཆོས་རྗེ། རྒྱུད་རྡོ་རྗེ་ཕྲེང་བའི་བཀའ་བབས་རྩེ་ཐང་པ་མཁན་ཆེན་ཀུན་དགའ་རྒྱལ་མཚན། གར་གྱི་བཀའ་བབས་བོ་དོང་པ་དར་མ་སེང་གེ། སྡེ་སྣོད་གསུམ་གྱི་བཀའ་བབས་ཤེལ་དཀར་བ་དཔལ་ལྡན་སངས་རྒྱས། རྒྱུད་སྡེ་བཞིའི་བཀའ་བབས་སྟག་ལུང་ཐང་པ་བཀའ་དྲུག་པ་ངག་དབང་གྲགས་པ། རྟོགས་པའི་བཀའ་བབས་རང་དབོན་གླང་འཁོར་བ་ངག་དབང་རྒྱལ་མཚན། བསྟན་པ་ཡོངས་རྫོགས་ཀྱི་བཀའ་བབས་ཤེལ་དཀར་བ་འཇམ་དཔལ་གྲགས་པ་དང་ཉེར་གསུམ་མོ༎ འཁོན་གྱི་གདུང་རྒྱུད་གསུམ་ནི། བདག་པོ་གྲགས་པ་བློ་གྲོས། གྲགས་པ་རྡོ་རྗེ། ཐེག་ཆེན་པའི་དབོན་པོ་བདེ་ལེགས་བཀྲ་ཤིས་པ་གསུམ་མོ༎