R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༦༢
[A:༡༦༢]དང་། དཔང་བློ་བརྟན་ལ་བློ་བརྟན་གཉིས་པ་དང་གསུམ་པ་ཞེས་གྲགས། བློ་བརྟན་བཞི་པ་ནི། ཚིག?ཆིག་གཏེར་གྱི་འགྲེལ་པ་མཛད་པ་པོ་དེ་ཡིན་ནོ། དཔང་ལོས་ལོ་བཅུ་གསུམ་པ་ནས། མདོག་ཚ་སྣར་སྟག་སྡེ་བ་སེང་རྒྱལ་ཞི་བར་གཤེགས་ཀྱི་བར་ལོ་བཅུ་དགུ་པའི་བར་བསྟེན་ཟེར་བས། སྟག་སྡེ་བའི་ཕྱི་ཚར་གྱི་སློབ་མ་ཡིན་ལ། སྟག་སྡེ་པ་ནི་ཚོགས་སྒོམ་པ་ལས་ལོ་གཉིས་ཀྱིས་གཞོན་ནོ། སུམ་སྟོང་སུམ་བརྒྱ་དང་ཞེ་ལྔ་འདས་པའི་ཞེ་དྲུག་པ་ཆུ་མོ་བྱ་
སྤྱི་ལོ་༡༢༡༣
ཡང་དགོན་པ་རྒྱལ་མཚན་དཔལ་བཟང་པོ་ལ་སྟོད་ལྷོའི་ཤྲཱི་ལུང་པར་བལྟམས།
བླ་མའི་མཆོག་ནི། རྒོད་ཚང་པ། ས་པན། ཀོ་བྲག་པ། འབྲི་ཁུང་སྤྱན་སྔ་རིན་ཆེན་དང་བཞི། སློབ་མའི་མཆོག་ནི། ལོ་རས་ཆོས་སྐྱོང་དཔལ་དང་། དར་མ་རྒྱལ་མཚན་གཉིས། སྤྱན་སྔ་རིན་ལྡན་དང་། ཟུར་པ་རིན་ཆེན་དཔལ་གཉིས་ཏེ་བཞིའོ། ཟུར་ཕུག་པའི་ཐུགས་སྲས་ནི། འབའ་ར་བ་རྒྱལ་མཚན་དཔལ་བཟང་པོ་སྟེ། ཡང་དགོན་པའི་སྐུ་སྐྱེ་རུ་བྱེད་དོ། ཡང་དགོན་པའི་ཞེ་དྲུག་ས་རྟ་ལོ་ནམ་མཐོངས་ཀྱི་ཚེས་བཅུ་དགུ་ལ་གཤེགས་སོ། སུམ་སྟོང་སུམ་བརྒྱ་དང་ང་བདུན་འདས་པའི་ང་བརྒྱད་པ་ཤིང་མོ་བྱ་
སྤྱི་ལོ་༡༢༢༥
ལ་ནམ་རིང་པ་སྲས་བདེ་ལེགས་རྒྱལ་མཚན་ལས་སྟོད་བྱ་རོག་ཚང་དུ་བལྟམས། ཉེར་གཉིས་པ་རྟ་ལོ་རྒོད་ཚང་པའི་དྲུང་དུ་བྱོན། དེ་ནས་བཅུ་གསུམ་པ་ས་མོ་ལུག་ལ་ནེ་རིང་བཏབ། དེ་ནས་ལོ་སུམ་ཅུ་རྩ་གཉིས་འགྲོ་དོན་