R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༦༡
[A:༡༦༡] མཁན་བརྒྱུད་གསར་པའི་སྡོམ་བརྒྱུད་ནི། སྟོན་པ་ཤཱ་རིའི་བུ། སྒྲ་གཅན་ཟིན་གཉིས། ཀླུ་སྒྲུབ། གུ་ན་མ་ཏི་སྟེ་ཡོན་ཏན་བློ་གྲོས། རཏྣ་མ་ཏི་སྟེ་དཀོན་མཆོག་བློ་གྲོས། ཤྲཱི་དྷརྨ་པཱ་ལ་སྟེ་དཔལ་ལྡན་ཆོས་སྐྱོང་། གུ་ན་སཱ་ག་ར་སྟེ་ཡོན་ཏན་རྒྱ་མཚོ། དྷརྨ་པཱ་ལ་སྟེ་ཆོས་ཀྱིས་སྐྱོང་བ། ཀ་ཨ་(ཨུ་ཀ) ར་གུཔྟ་སྟེ་ཞི་འབྱུང་སྦས་པ། པན་ཆེན་ཤཱཀྱ་ཤྲཱི། ས་པན་རྣམས་སོ། སྟོད་འདུལ་བའི་དྷརྨ་པཱ་ལ་ཡན་གྱི་སྡོམ་བརྒྱུད་གསལ་བར་བྲིས་པ་མི་སྣང་། ཡང་སྟོད་འདུལ་བའི་དྷརྨ་པཱ་ལ་དང་མཁན་བརྒྱུད་གསར་མའི་དྷརྨ་པཱ་ལ་གཉིས་དོན་གཅིག་ན་ཀླུ་སྒྲུབ་ནས་བརྒྱུད་ཚུལ་འདྲ་མོད། ཅུང་ཟད་ཐོག་མི་མཚུངས་པ་འདྲའོ། དེས་ན་ད་ལྟའི་ཤིང་ཕོ་བྱི་ལོ་འདི་ཁ་ཆེན་པན་ཆེན་བོད་དུ་བྱོན་པའི་ཤིང་བྱི་ནས་བློ་སུམ་སྟོང་སུམ་བརྒྱ་ལྔ་བཅུ་རྩ་གཅིག་ལོན་པའི་ལོ་ཡིན་ནོ། སུམ་སྟོང་སུམ་བརྒྱ་དང་ཞེ་བཞི་འདས་པའི་ཞེ་ལྔ་པ་ཆུ་ཕོ་སྤྲེལ་
སྤྱི་ལོ་༡༢༡༢
ལོ། སྟག་སྡེ་བ་སེང་གེ་རྒྱལ་མཚན་མདོག་ཕ་རི་ལུང་དུ་བྱོན། བོ་དོང་རིན་རྩེའི་ཞབས་ལ་བཏུགས། ལོ་གྱ་གསུམ་བཞུགས།
སྔ་ཚར་གྱི་བུ་ཆེན་ཤོང་རྡོ་རྗེ་རྒྱལ་མཚན་དང་། ཤོང་བློ་གྲོས་བརྟན་པ་སྟེ་སྐུ་མཆེད་གཉིས། གཅེན་གྱིས་སྐྱེས་རབ་དཔག་བསམ་འཁྲི་ཤིང་དང་། སྙན་ངག་མེ་ལོང་། སྒྲ་ཙནྡྲ་པ་སོགས་སྔར་མ་འགྱུར་བའི་ཆོས་མང་པོ་བསྒྱུར། སྐུ་མཆེད་དེ་གཉིས་ཀྱི་སློབ་མ་ནི་མང་མཁར་ཁྲ་ཚང་པ་མཆོག་ལྡན་ལེགས་པའི་བློ་གྲོས། དེའི་སློབ་མ་དཔང་ལོ་སྟེ་ལོ་ཙཱ་བ་དེ་བཞི་སྒྲ་དང་སྙན་ངག་སོགས་ལ་བཀའ་དྲིན་ཆེ་བ་ཡིན། རྒྱ་གར་གྱི་ཁ་ཆེ་བློ་བརྟན་ནི་བློ་བརྟན་དང་པོ་ཡིན་ལ། ཤོང་བློ་བརྟན་