R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༤༥
[A:༡༤༥]སྒྲོགས། བཅོ་ལྔ་མན་ཆད་ལ། རྗེ་བཙུན་ཆེན་པོའི་དྲུང་དུ། ས་སྐྱ་གོང་མའི་གསུང་གི་བཅུད་མདོ་སྔགས་ཀྱི་ཟབ་གནད་ཡོངས་སུ་རྫོགས། བཅུ་དགུ་པ་ལ་ཀུ་མུད་བཞད་པའི་དུས་ཀྱི་འོད་གསལ་ཆེན་པོའི་ངང་ལས། ཨ་ཕྱི་འབུམ་པའི་དྲུང་དུ་མཁས་མཆོག་དབྱིག་གཉེན་ལ་ཆོས་མངོན་པ་མཛོད་དང་། ཁ་ཆེ་པན་ཆེན་ལ་དེ་ཉིད་ཀྱི་ཆོས་ཟབ་མོ་རྡོ་རྗེའི་གླུ་ལས་ལེགས་པར་ནོད། རྒྱ་གར་ཤར་ཕྱོགས་སུ་ཕྱོགས་ཀྱི་གླང་པོའི་གདན་སེང་གེའི་ཁྲི་ལ་འཁོད་དེ། གླེགས་བམ་གཞལ་དུ་མེད་པའི་ལྡེ་མིག་བཟུང་། པད་དཀར་བཞད་པའི་དུས་ཀྱི་མདངས་རབ་ཏུ་རྒྱས་པའི་ཚེ། འཕྲང་དུ་ཞུ་སྟོན་རྡོ་རྗེ་སྐྱབས་ལ་བྱམས་ཆོས་སོགས་ལུང་གི་ཆོས་སྐོར། ཉི་ཤུ་པ་ལ་རྐྱང་འདུར་དུ། རྨ་བྱ་བྱང་བརྩོན་དང་གཙང་ནག་པའི་སློབ་མ་མཚུར་སྟོན་གཞོན་སེང་ལ་བོད་བགྲེས་པོ་ནས་བརྒྱུད་པའི་ཚད་མའི་ཆོས་སྐོར། གཞན་ཡང་ཆ་པའི་སེང་ཆེན་བརྒྱད་ཀྱི་རྩེགས་པ་དབང་ཕྱུག་སེང་གེ་ལ་བོད་ལ་གྲགས་པའི་གྲུབ་མཐའ་བཞིའི་ཆོས་ཇི་སྙེད་པ། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ལ། བོད་ལ་གྲགས་པའི་ཞི་བྱེད་རྫོགས་ཆེན་གཅོད་བཀའ་གདམས་ལ་སོགས་པའི་གདམས་ངག་ཇི་སྙེད་པ་ཁོང་དུ་ཆུད། ཉེར་གསུམ་པ་ཤིང་ཕོ་བྱི་ལོར་གཙང་ཆུ་མིག་ཏུ་ཁ་ཆེ་པན་ཆེན་དང་མཇལ། པན་ཆེན་དེ་ཉིད་དང་དེའི་སློབ་བུ་རྒྱ་གར་ཤར་ནུབ་གུང་གསུམ་ན་སྒྲ་ལ་མཁས་པར་གྲགས་པའི་སམ་ག་ཤྲཱི་སྟེ་དགེ་འདུན་དཔལ་དང་། སུ་ག་ཏཱ་ཤྲཱི་སྟེ་ལེགས་པར་གཤེགས་པའི་དཔལ་དང་། དཱ་ན་ཤཱི་ལ་སྟེ་ཚུལ་ཁྲིམས་སྦྱིན་སོགས་སྔ་ཕྱིར་བསྟེན་ཏེ། བོད་རྒན་པོའི་འདྲེས་ཀྱིས་མ་བསླད་པའི་ལྷ་རྒྱན་གྱི་བཤད་སྲོལ་ལས་བྱོན་པའི་ཚད་མ་ལ་སོགས་པའི་རིག་གནས་ཆེ་བ་ལྔ། སྙན་ངག། སྡེབ་སྦྱོར། མངོན་བརྗོད། ཟློས་གར། རྩིས་ཏེ་རིག་གནས་ཆུང་བ་ལྔ་སྟེ། རིག་གནས་བཅུས་བསྡུས་པའི་