R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༣༤
[A:༡༣༤] སུམ་སྟོང་ཉིས་བརྒྱ་དང་དོན་བཞི་འདས་པའི་དོན་ལྔ་པ་ཆུ་ཕྱོ་ཁྱི་
སྤྱི་ལོ་༡༡༤༢
ལ་རྗེ་བཙུན་རྩེ་མོ་བྱོན། ལོ་གསུམ་པ་ལ་འཇམ་དབྱངས། ཀྱཻ་རྡོར། སྒྲོལ་མ་གསུམ་གྱི་ཞལ་གཟིགས། བཅུ་དྲུག་པ་ཡན་ལ་རྒྱུད་མན་ངག་གི་སྒྲོ་འདོགས་ཆོད། བཅུ་བདུན་པ་ལ་ཆ་པའི་དྲུང་དུ་བྱོན། སྔ་ཕྱིར་ལོ་བཅུ་གཅིག་ཏུ་མདོ་ཕྱོགས་ཀྱི་སྒྲོ་འདོགས་བཅད་
ཆ་པ་སྐུ་གཤེགས་པའི་ཚེ། ཆོས་ཁྲིའི་སྟེང་དུ་སྐུ་འབུམ་བཞེངས་པ་ལ། རྩེ་མོར་གསེར་ཏོག་ཕུལ། ཆ་པའི་སྐུ་ཚད་དང་མཉམ་པའི་རས་བྲིས་ཕྱག་བྲིས་སུ་གནང་བ་ལ། རྫས་མདོག་མ་འདྲེས་སོ་སོར་འབྱེད་པའི་མིག་རྩ་དམར་པོ་ཅན་ཞེས་སོགས་ཀྱི་བསྟོད་པ་ཡང་ཡོད་ཟེར་རོ།
ཉེར་བདུན་པར་མེ་མོ་ཕག་ལ་ཆོས་ལ་འཇུག་པའི་སྒོ་བརྩམས། ཉེར་བརྒྱད་པར་གསུང་ངག་རིན་པོ་ཆེ་གནང་བའི་སྒོ་ནས། གདུལ་བྱ་སྐལ་ལྡན་ལ་འཇམ་དབྱངས་ཕྱག་ན་པདྨ། བི་རཱུ་པ་གཉིས་ཀྱི་དག་པའི་སྣང་བ་བསྟན། ཞེ་གཅིག་པ་ཆུ་ཕོ་སྟག་གི་སྨལ་པོ་ཟླའི་ཚེས་བཅུ་གཅིག་ལ་དག་པའི་ཞིང་དུ་གཤེགས། རྗེ་པས་མཛད་པའི་གསོལ་འདེབས་གདུང་དབྱངས་མའི་མཆན་ལས། ཚེས་བཅུའི་དགོང་རྗེ་བཙུན་སྐུ་མཆེད་སོགས་ཀྱིས་ཚེས་བཅུའི་མཆོད་པ་མཛད། ནང་པ་རྗེ་པས་བྱོན་པས། ན་བཟའ་སྦུ་གུ་ཐིབས་པེ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ལ་བཞུད། གདུང་དབྱངས་ཀྱི་གསོལ་བ་དྲག་ཏུ་བཏབ་པས། ན་བཟའི་སྦུ་གུ་ནས། བུང་བའི་སྐད་ལྟ་བུའི་ལུང་བསྟན་ཁྱད་པར་ཅན་བྱུང་ཞེས་བཤད་དོ།
སུམ་སྟོང་ཉིས་བརྒྱ་དང་དོན་དགུ་འདས་པའི་བརྒྱད་ཅུ་པ་མེ་མོ་ཡོས་
སྤྱི་ལོ་༡༡༤༧
ལ་རྗེ་བཙུན་གྲགས་པ་བྱོན། བརྒྱད་ལོན་པའི་ཚེ་བྱང་སེམས་ཟླ་རྒྱལ་ལས་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ནོད། བཅུ་གསུམ་པ་ལ་དཔལ་