R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༡༢
[A:༡༡༢] ཡིན་ལ། ཕྱི་མ་ནི་དབུས་སམ་ཡར་འབྲོག་ཏུ་བྱོན་ལ། མི་བཅུས་འབྲིང་ཡེ་ཤེས་ཡོན་ཏན་ལ་རབ་ཏུ་བྱུང་། ཁམས་སུ་ཇོ་བོ་སེ་བཙུན་གྱི་སློབ་མ་མཛད། བྱ་ལོར་དབུས་སུ་ཕེབས་ནས་བཤད་གྲྭ་བཙུགས། ལུག་ལོར་མངའ་རིས་སུ་ཇོ་བོ་སྤྱན་འདྲེན་པ་ལ་བྱོན་ནས་ཇོ་བོའི་སློབ་མ་གསང་ཕུ་བ་ཞེས་གྲགས་པ་དེའོ། དེ་ཉིད་ཀྱི་དབོན་པོ་རྔོག་ལོ་ཆེན་པོ་ནི། སུམ་སྟོང་བརྒྱ་དང་གྱ་དགུ་འདས་པའི་དགུ་བཅུ་པ་མེ་མོ་བྱའི་ལོ་
སྤྱི་ལོ་༡༠༥༧
ལ་ཆོས་སྐྱབས་ཀྱི་སྲས་སུ་འཁྲུངས། ལོ་འདི་ཕྱི་དར་ས་མོ་བྱ་ནས་བརྒྱ་དང་བརྒྱད་འདས་པའི་དགུ་པ་དང་། ཇོ་བོ་བྱོན་པའི་ཤིང་རྟ་ནས་གཉིས་འདས་པའི་གསུམ་པ་དང་། ལོ་ཆེན་རིན་བཟང་འདས་པའི་ལྕགས་བྱ་ནས་གྱ་བདུན་འདས་པའི་གྱ་བརྒྱད་ས་མོ་བྱ་ལ་རྔོག་ལོ་བསྟན་པའི་ཉི་མ་ཤར་བ་ཡིན་ལ།
པན་ཤཀ་པས། ཇོ་བོ་ཆུ་རྟ་ལ་བྱོན་ཞིང་ཤིང་རྟ་ལ་གཤེགས། དེ་ནས་ལོ་དྲུག་པ་ས་མོ་ཕག་ལ་གསང་ཕུ་ཡང་བཏབ། རྔོག་ལོ་ཡང་འཁྲུངས་ཟེར། རྔོག་ལོའི་འཁྲུངས་ལོ་ལ་ལོ་གཉིས་ཀྱི་ཁྱད་ལས་མི་འདུག་ཀྱང་། ས་སྐྱ་བཏབ་ལོ་ལ་བཅོ་ལྔའི་ཁྱད་འདུག་གོ
། ལོ་འདི་ནས་ད་ལྟའི་ཤིང་རྟ་འདི་ནི་ལྔ་བརྒྱ་དང་བདུན་དུ་སླེབས་པའི་ལོ་དེ་ཡིན་ཞིང་། དེབ་སྔོན་ལས་ས་མོ་ཕག་ལོ་པ་ཟེར་ཏེ་ལོ་གཉིས་ཀྱི་ཁྱད་འདུག་གོ།
ལོ་ཆེན་འདི་ལོ་བཅུ་བདུན་ཕྲག་གསུམ་བཞུགས་པའི། བཅུ་བདུན་ཕྲག་དང་པོ་ལ། ཁུ་བོ་དང་གཟུས་ཀྱི་སློབ་མ་སྦོ་ཚུལ་ཁྲིམས་ཤེས་རབ་སོགས་ཀྱི་དྲུང་དུ་གསན་པ་མང་དུ་མཛད། བཅུ་བདུན་ཕྲག་གཉིས་པ་ལ། ཁ་ཆེར་བྱོན། བྲམ་ཟེ་སཛ་(སཛྙ) ན་ས་དང་ཧེ་ཏ་(པ་ར་ཧེ་ཧ) སོགས་ཀྱི་དྲུང་དུ་སྦྱངས་པ་མཛད། བཅུ་བདུན་ཕྲག་གསུམ་པ་ལ་བོད་དུ་བྱོན་བསྟན་པའི་བྱ་བ་རྒྱ་ཆེར་མཛད་