R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • Pagination (Witness A): ༢༢
[A:༢༢]ནས་ཁྱེད་རྣམ་རྟོག་དེ་འདྲ་མ་རྒྱུས། དགེ་སྦྱོར་ལ་གནོད་ཅེས་ཁོ་རང་ལ་གསུངས་པ་དང༌། བླ་མ་ཆོས་གྲགས་དབོན་པོས་ངན་རྟོག་རྒྱུས་པ་དང༌། སྤྱོད་པ་སྔ་རྟིང་དུ་ཅི་བྱས་མངོན་པར་ཤེས་པས་མཁྱེན་ནས་ཁོང་རང་ལ་གསུངས་པ་དང༌། ཡང་ངོར་ནས་ཡར་ཕེབ་དུས་ཤིག་མུས་ནས་ཆིབས་པ་འོང་རྒྱུ་ཡིན་པ་ལ། རྗེའི་ཞལ་ནས། ངེད་རང་གི་རྟ་ཤི་འདུག །འོན་ཀྱང་པོ་སོ་སྟག་ལའི་རྟ་ཞོན་པས་ཆོག་པ་འདུག་གསུང༌། དེ་རྗེས་མུས་ནས་མི་བྱུང་བས་ངེད་རང་གི་ཆིབས་པ་ཤི་ཟེར། ངོར་ནས་ཆིབས་པ་བོ་དོང་བར་བསྐྱལ། དེར་དོལ་པའི་པོ་སོ་སྟག་ལའི་ཚ་འོ་ཤི་ནས་བོ་དོང་ན་ཆོ་ག་བྱེད་ཀྱིན་འདུག །དེར་པོ་སོས་རྟ་བཟང་པོ་གཅིག་ཕུལ་བ་ལ་ཆིབས་པ་མཛད་དེ་ཡར་ཕེབ་ཅིང༌། དེ་ལ་སོགས་པ་མངོན་མཁྱེན་དཔག་ཏུ་མེད་པ་གསུངས་པ་དང༌། བར་དོའི་འགྲོ་བ་ཐམས་ཅད་ཀྱང་ཐོགས་མེད་དུ་གཟིགས། གྲྭ་པ་དང་སྦྱིན་བདག་དད་པ་ཅན་སོ་སོ་རང་རང་གི་འདོད་མོས་ཀྱི་བརྟག་པ་སོགས་ཞུས་པ་ཀུན་ལ་ཇི་ལྟར་ལུང་བསྟན་པ་ཐོག་ཏུ་འབབ་ཅིང༌། ཡུལ་ཕྱོགས་སུ་ནད་རིམས་དྲག་པོ་བྱུང་བ་ཀུན་ལ་འཆགས་དང་ན་བཟའི་བྱིན་རླབས་ཀྱི་འོག་ནས་དྲངས་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་གྲོལ་བར་ནུས་པ་དང༌། ལོ་ཐོག་ལ་ཐན་པ་ཆེར་བྱུང་བ་ལའང་ཆར་འབེབས་པའི་འདུན་པ་མཛད་པ་ཙམ་གྱིས་ཆར་གང་འདོད་འབབས་པ་ལ་སོགས་པ་བྱིན་རླབས་ཀྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངའ་བ་ནི་སྐྱེ་བོ་ཕལ་ཆེར་ལ་གསལ་བ་ཡིན་ནོ། །གསུམ་པ་ནི། དམ་པ་འདི་ཉིད་ཐོག་མ་མེད་པའི་དུས་ནས་གཞན་དོན་གྱི་གོ་ཆ་བགོས་པའི་སྟོབས་ཀྱིས་བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་མཛད་པ། དེའང་གདུལ་བྱའི་བསམ་པ་དང་མཐུན་པར་འཁྲིད་ཚུལ་སྣ་