R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༤༠
[A:༤༤༠]ཞལ་གདམས་མར་གྲགས་པ་ལ། གཏོར་མ་ལ་བརྟེན་ནས་དགྲ་བསད་པ། གཏོར་མ་མེད་པར་ཁ་ཟས་ལ་བརྟེན་ནས་དགྲ་བསད་པ། གཞན་གྱི་རིག་སྔགས་རྦོད་གཏོང་བཟློག་པ། རྨི་ལམ་ངན་པ་དང་ལྟས་ངན་པ་བཟློག་པ། བྱད་ཤ་སྤགས་པ། དགྲ་བགེགས་ཚོགས་སུ་ཟ་བ་སྟེ། ཤིན་ཏུ་ཟབ་པའི་ཤོག་དྲིལ་དྲུག་དང༌། ཟབ་གཏད་གནད་ཀྱི་གདམས་པ། རྟེན་གཏོར་གྱི་མན་ངག །རྩ་གསུམ་ལ་བརྟེན་ནས་བསྙེན་སྒྲུབ་ལས་གསུམ་དུ་སྒྲུབ་པ། གསང་རྟེན་ལུས་ལ་བཅང་བ། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་མདོས་ཀྱི་ཆོ་ག །བླ་མ་སྤྱན་ཆེན་པོའི་བསྐང་བཟློག་གི་ཆོ་ག །ནག་པོ་ཆེན་པོ་ལྕམ་དྲལ་འཁོར་བཅས་ལ་བཀའ་བསྒོ་བ། གཟུངས་འཇུག་ཐབས། གཏོར་མ་ཟོར་དུ་འཕང་བའི་མན་ངག །པུ་ཏྲའི་སྒྲུབ་ཐབས། གཏོར་མ། དེའི་མདོས་ཆོག་དམ་པས་མཛད་པ། ལས་མགོན་ཟངས་གྲི་ཅན་གྱི་སྒྲུབ་ཐབས། ཆོས་སྐྱོང་རྣོ་ཞིང་ལས་ལ་ཉན་པའི་གདམས་ངག །ཁོན་ནག་ཟས་སུ་ཟ་བའི་མན་ངག །གུར་གྱི་མགོན་པོའི་བཀའ་སྟོད་ཟངས་གྲི་ཅན་གྱི་སྒྲུབ་ཐབས། པུ་ཏྲ་མི་སྲིང་གསུམ་གྱི་སྒྲུབ་ཐབས་དམ་པས་མཛད་པ། མནན་པའི་ཐུན་བསྒྲུབ། མནན་པ་དངོས། ཟོར་གྱིས་བསད་པ། འཇམ་ཞིང་ཞི་བའི་ལས་ཀྱི་སྒྲུབ་ཐབས། ཕོ་རྐྱང་དང་མོ་རྐྱང་དུ་བསྒྲུབ་པར་པུཎྱཻས་མཛད་པ། མཁའ་འགྲོ་སྦགས་སྒྲུབ། རྟེན་བཅའ་ཐབས། མནན་པའི་ཡི་གེ །བསད་ལས་ཚ་བའི་ནད་ཀྱིས་བསད་པ། སྔགས་རིངས་ཀྱིས་བསད་པའི་ལས་སྦྱོར། ཟངས་གྲི་ཅན་གྱི་བསྙེན་སྒྲུབ། ལས་སྦྱོར་གྱི་རྒྱ་གཞུང་གཅིག །བསྙེན་སྒྲུབ་བསད་གསུམ་གྱི་མན་ངག །ལས་མགོན་ཟང་གྲི་ཅན་གྱི་སྒྲུབ་ཐབས་གཅིག །ལྷ་མོ་རྐྱང་སྒྲུབ། ལས་སྦྱོར་དམ་པས་མཛད་པ། ནག་པོ་ཆེན་པོ་ཕུར་བུའི་སྒྲུབ་ཐབས་ཀྱི་རྒྱ་གཞུང༌། བྲམ་ཟེ་མཆོག་སྲེད་ཀྱི་ཕུར་བུ་སྒྲུབ་ཐབས་ཀྱི་རིམ་པ། ཕོ་རྐྱང་བཀའ་སྟོད་དུ་སྒྲུབ་པ། བསྙེན་སྒྲུབ་ལས་སྦྱོར་མནན་པ་དང་བཅས་པ། གསེར་གྱི་སྤུ་གྲིའི་གདམས་པ་དམ་པས་མཛད་པ། ངག་མནན། ངག་སྲུང་རྣམས་གསན། གདོང་བཞི་པའི་རྗེས་གནང༌། དེའི་ཆོས་སྐོར་ལ་