R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༤༡
[A:༤༤༡]ཞལ་བཞི་པའི་ལོ་རྒྱུས། བསྙེན་སྒྲུབ་ལས་གསུམ་གཅིག་ཏུ་བསྡེབས་པའི་སྒྲུབ་ཐབས། གཞུང་མཆན་བཤད་པ་དང་བཅས་པ། སྔགས་ཀྱི་ཐེམ་ཡིག །སྔགས་ཀྱི་གནད། གཡབ་པ་དང་དར་ཐོགས་ཀྱིས་ཁམས་གསུམ་དབང་དུ་བསྡུ་བ། ནོར་སྒྲུབ་འཁོར་ལོའི་ཞལ་གདམས། རྭ་ཟོར། སྒོང་ཟོར། རང་དང་སློབ་མ་དང་རྫས་ཡོ་བྱད་རྣམས་གཏད་པ། གཙུག་ལག་ཁང་གཏད་པ། གནས་མལ་དང་ནོར་རྫས་བསྲུང་བ། ཞལ་གདམས་དོན་དྲུག་མ། རྟེན་བཅའ་བའི་མན་ངག །ཐུགས་དམ་བསྐང་བའི་ཆོ་ག །མདོས་ཀྱི་ཆོ་ག །ལས་བསྒྲིག །སྦྱིན་སྲེག །བསྐྲད་པ། མནན་པ། རང་བསྲུང་བ་དང༌། རྟེན་གྱི་འཁོར་ལོའི་མན་ངག་ལ་སོགས་པ་ཚང་མ། གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་མཛད་པའི་བསྟོད་པ་རྣམས་གསན། ཡང་སྦྱོང་རྒྱུད་ཀྱི་མཆན་བུ། ས་བཅད་སྤྱི་དོན་རྣམས་རྗེ་བཙུན་གྱིས་མཛད་པའི་སྟེང་ནས་བཤད་བཀའ་གསན། འཇམ་དབྱངས་ཨ་ར་པ་ཙ་ན། འཇམ་དབྱངས་སྨྲ་སེང༌། འཇམ་དབྱངས་དཀར་པོ། །མི་གཡོ་བ་དཀར་པོ། །གཙུག་ཏོར་རྣམ་རྒྱལ། རྣམ་འཇོམས་བ་རི་བའི་ལུགས་ཀྱི་རྗེས་གནང༌། སྒྲོལ་མ་དཀར་མོའི་རྗེས་གནང༌། ངག་དབང་གྲགས་པའི་སྒྲུབ་ཐབས་འཆི་བསླུ་དང་བཅས་པ། དོན་ཞགས་ལྷ་ལྔའི་རྗེས་གནང༌། དོན་ཡོད་ཞགས་པའི་གཟུངས། ཕར་ཕྱིན་དྲུག་གི་གཟུངས། གཙུག་ཏོར་དྲི་མེད་ཀྱི་ཆོས་སྐོར། སྒྲུབ་ཐབས་ཀུན་ལས་བཏུས་སམ་རྒྱ་མཚོར་གྲགས་པའི་རྗེས་གནང༌། སྒྲུབ་ཐབས་ཀྱི་རྣམ་གྲངས་ཉིས་བརྒྱ་སུམ་ཅུ་རྩ་བགྲངས་པའི་ལུང་དང་བཅས་པ། སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་སྒྲུབ་ཐབས་དགུ་བཅུ་གོ་དྲུག་གི་ལུང་དང་བཅས་པ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་གསུམ་ཆོས་རྗེ་ཁུ་དབོན་དང་བཅས་པའི་བཀའ་འབུམ་གྱི་ལུང་རྣམས་གསན། གཞན་ཡང་ཕར་ཕྱིན་འབུམ་ཊཱིཀ་དང༌། མཁན་ཆེན་དཱ་ན་ཤྲཱི་བའི་ཟིན་བྲིས་ཀྱི་སྟེང་ནས་བཤད་པ་རྫོགས་པ་ལན་བཞི། མངོན་པ་ཀུན་ལས་བཏུས་ཀྱི་བཤད་པ། དབུ་མ་རྩ་ཤེ །འགྲེལ་པ་ཚིག་གསལ། དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ། སྤྱོད་