R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༣༩
[A:༤༣༩]དབང་ཆོག །ལོ་ཧི་པའི་སྒྲུབ་ཐབས་དཔལ་མངོན་པར་རྟོགས་པ། རྗེ་བཙུན་མ་ཀུ་རུ་ཀུལླེའི་རྗེས་གནང༌། སྒྲུབ་ཐབས་ལྷན་སྐྱེས་སྒེག་པས་མཛད་པ། མན་ངག་ཆེན་པོ་ལྔ་སློབ་དཔོན་ཞི་བ་འཚོས་མཛད་པ། བསྟོད་པ་ཌོཾ་བི་ཧེ་རུ་ཀས་མཛད་པ། ཀུ་རུ་ཀུལླེའི་གསང་སྒྲུབ་སོགས་ཀྱི་མན་ངག་རྣམས་དང་སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པ་ཆེ་བ། ལས་སྦྱོར་བསྟོད་པ། ལས་ཁ་ཚར་བཞི་དང་བཅས་པ་གསན། ཡང་ཀག་ཆོལ་འདོད་པའི་རྒྱལ་པོའི་རྗེས་གནང༌། དེའི་ཆོས་སྐོར་ལ། སྔགས་ཀྱི་རྒྱལ་པོའི་དམ་ཚིག་དངོས་གྲུབ་ཀྱི་ཆོ་ག་ཞེས་བྱ་བ་རིན་ཆེན་རྡོ་རྗེས་མཛད་པ། འཇིག་རྟེན་གྱི་དངོས་གྲུབ་ཆེན་པོ་སྒྲུབ་པའི་ཐབས་བ་རི་བའི་ཞལ་གདམས། འཁོར་ལོའི་སྒྲུབ་པ། ལས་སྦྱོར། གསང་སྔགས་རྩ་བའི་འཁོར་ལོ་སྒྲུབ་པ། སྦྱིན་སྲེག །རྗེས་གནང་གི་ཆོ་ག །གསལ་བྱེད་ཉི་མའི་འཁོར་ལོ་རྡོ་རྗེ་གདན་པས་མཛད་པ། རྒྱལ་པོ་དབང་དུ་བྱ་བའི་མན་ངག་དང་སྦྱིན་སྲེག །དངོས་གྲུབ་ཆུད་མི་ཟ་བར་བྱེད་པ། རབ་གནས་གནད་འབེབས་ཉི་ཟླའི་འཁོར་ལོ། ལས་བཞིའི་མན་ངག །རབ་གནས་ཁྱད་པར་ཅན། ཡི་དམ་ལ་བརྟེན་པའི་སྒྲུབ་ཡིག་གདམས་པ་གསུམ་གྱིས་སྟོན་པ། གསང་སྒྲུབ་དམ་པ། སྒྲུབ་ཡིག་བ་རི་བའི་གདམས་པ། ཐུན་མོང་མ་ཡིན་པའི་ལོ་རྒྱུས་རྣམས་གསན། ཚོགས་བདག་དམར་ཆེན་གྱི་རྗེས་གནང༌། བསྙེན་པ། སྒྲུབ་པ། ལས་སྦྱོར། སྤོགས་ཆོག་སྟེ་བཞི་སྟོན་པའི་སྒྲུབ་ཐབས། སྦྱིན་སྲེག །སྒྲུབ་པའི་ཡན་ལག །འཕགས་པས་མཛད་པའི་བསྟོད་པ། ཕྱག་འཚལ་བཅུ་གཉིས་ཀྱི་ལས་ཚོགས། རྡོ་རྗེ་མཁའ་འགྲོ་ལེའུ་བཅུ་དགུ་པ་ནས་ཕྱུང་བའི་སྒྲུབ་ཐབས། ཞལ་གདམས། གནད་ལ་དབབ་པའི་སྦྱིན་སྲེག །གཞན་ཡང་གདམས་པ་འགའ། ཚོགས་བདག་གི་སྙིང་པོ་ཞེས་བྱ་བའི་གཟུངས་གསན། ཡང་རྡོ་རྗེ་ནག་པོ་ཆེན་པོའི་རྗེས་གནང༌། པུ་ཏྲའི་རྗེས་གནང༌། འདིའི་མན་ངག་གི་སྐོར་ལ། གུར་མགོན་ལྷ་བརྒྱད་མ་དང་བཅུ་གཉིས་མའི་སྒྲུབ་ཐབས། ལྷ་བརྒྱད་འཁོར་དང་བཅས་པ་སྦགས་ཏེ་སྒྲུབ་པའི་ལག་ལེན། མན་ངག་