R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༣༨
[A:༤༣༨]ལུང་སྟོན། རྡོ་རྗེ་ཕྲེང་བ། ལྷ་མོ་བཞིས་ཞུས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཏེ་བཤད་རྒྱུད་རྣམ་པ་བཞིའི་ལུང༌། སྒྲུབ་ཐབས་མདོར་བྱས། མདོ་བསྲེས། རྣམ་གཞག་རིམ་པ། ཀླུ་སྒྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་ཉི་ཤུ་པ། ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ། ཟུང་འཇུག་གསལ་བ། དཀྱིལ་ཆོག་དང་རྡོ་རྗེ་སེམས་དཔའི་མཆོད་ཆོག་གཉིས་ནག་པོ་པས་མཛད་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཟླ་གྲགས་ཀྱིས་མཛད་པ་རྣམས་གསན། གཞན་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ། འགྲེལ་ཆེན་སྒྲོན་མ་གསལ་བ། འགྲེལ་བཤད་མཐའ་དྲུག་གསལ་བ། བཤད་ཐབས་ཀྱི་མན་ངག་གསང་བའི་སྒོ་འབྱེད་རྣམས་ཀྱི་སྟེང་ནས་བཤད་བཀའ་གསན། ཡང་རྫོགས་རིམ་རིམ་ལྔའི་གཞུང་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྤྱོད་པ་བསྡུས་པའི་སྒྲོན་མ། བདག་བྱིན་རླབས། མངོན་པར་བྱང་ཆུབ་པའི་རིམ་པ་རྣམས་འཕགས་པ་ལྷས་མཛད་པ། རིམ་པ་ཁོང་བསྡུས་ཀླུ་བྱང་གིས་མཛད་པ་རྣམས་གསན། ཡང་རྫོགས་རིམ་ཟབ་མོ་ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་གི་ཉམས་ཁྲིད་ལན་གསུམ་གྱི་བར་དུ་ཞུས་ནས། སྤྲོས་མེད་ཀྱི་བྱིན་རླབས། རྣམ་རྟོག་འོད་གསལ་གྱི་བྱིན་རླབས། དེའི་རྡོ་རྗེའི་ཚིག་རྐང་བིརྺ་པས་མཛད་པ། དེའི་འགྲེལ་པ་འཇུག་བདེ་རྣམ་གསལ། དེའི་ཁྲིད་ཡིག་ཐོར་བུ་བ་གློ་བོ་ལོ་ཙཱ་བས་མཛད་པ་རྣམས་གསན་ནོ། །ཡང་རྩ་རྒྱུད་བརྟག་པ་གཉིས་པ། བཤད་རྒྱུད་རྡོ་རྗེ་གུར། སཾ་པུ་ཊ་རྣམས་བླ་མ་གོང་མའི་རྣམ་བཤད་ཀྱི་སྟེང་ནས། རྩ་རྒྱུད་ཀྱི་བཤད་པ་ལན་ལྔ། རྡོ་རྗེ་གུར་ལན་གཉིས། སཾ་པུ་ཊ་ལན་གསུམ་གསན། བདེ་མཆོག་ལོ་ཧི་པའི་སྨད་ལྔར་གྲགས་པ། རྒྱུད་བཤགས་བྷུ་རི་པས་མཛད་པ། ཁ་ཆེ་རིན་ཆེན་རྡོ་རྗེའི་བཀྲ་ཤིས། ནག་པོ་གཞུང་དྲུག །དྲིལ་བུ་སྐོར་གསུམ། བདེ་མཆོག་རྩ་རྒྱུད། འགྲེལ་པ་མུ་ཏིག་གི་ཕྲེང་བ། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད། འགྲེལ་པ་རྗེ་བཙུན་ཆེན་པོས་མཛད་པ་རྣམས་ཀྱི་སྟེང་ནས་བཤད་བཀའ། རིམ་ལྔའི་ཁྲིད། དྲིལ་བུ་ལྷ་ལྔའི་མངོན་རྟོགས་དྲིལ་བུ་པས་མཛད་པ། ལ་བ་པས་མཛད་པའི་