R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༤༩
[A:༤༤༩]རྩོལ་གཞན་དང་མི་འདྲ་བས་ཡོངས་སུ་རྫོགས་པར་གསན་ནོ། །གཞན་ཡང་འཕགས་པ་གཞོན་ནུ་བློ་གྲོས་པའི་དྲུང་དུ། རྡོ་རྗེ་ཕྲེང་བའི་དབང་ཡོངས་སུ་རྫོགས་པ། ཕྲེང་བ་སྐོར་གསུམ་གྱི་ལུང༌། ཀྲྀ་ཡ་ས་མུཙྪའི་དབང༌། དཀྱིལ་ཆོག་གི་ལུང༌། གསང་འདུས་འཇམ་རྡོར། གཤིན་རྗེའི་གཤེད་དགྲ་ནག་རྭ་ལུགས། གདོང་དྲུག་རྭ་ལུགས། འཇིགས་བྱེད་རོ་ལངས་བརྒྱད་སྐོར་རྭ་ལུགས། འཇིགས་བྱེད་བཅུ་གསུམ་མ། འཇིགས་བྱེད་ལྷ་ཞེ་དགུ་མ། ལྷ་བཅུ་གསུམ་མ། དགྲ་ནག་ཞང་ལུགས། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་རྣམས་ཀྱི་དབང༌། སློབ་དཔོན་ནག་པོ་པའི་ལུགས་ཀྱི་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བཞིའི་དབང༌། སཾ་པུ་ཊ་ནས་གསུངས་པའི་ཀྱེ་རྡོར་ལྷ་བཅུ་བདུན་མ། སཾ་པུ་ཊ་རྡོར་དབྱིངས། གུར་རིགས་བསྡུས་རྔོག་ལུགས། བདེ་མཆོག་འཁྲུལ་སྤོང༌། བདེ་མཆོག་རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ། བདེ་མཆོག་སྡོམ་འབྱུང༌། སངས་རྒྱས་མཉམ་སྦྱོར་རིགས་བསྡུས། མཉམ་སྦྱོར་རྡོ་རྗེ་སེམས་དཔའ། རྡོ་རྗེ་གདན་བཞིའི་ཡབ་བཀའ། ཡུམ་བཀའ། གདན་བཞིའི་དཀྱིལ་ཆོག་རྒྱས་པ། མ་ཧཱ་མཱ་ཡ། སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་མ། ལྷ་དགུ་མ། མི་གཡོ་བ་བླ་མེད་ལྷ་དགུ་མ། ལྷ་བཅུ་གསུམ་མ། སྒྲོལ་མ་བཅུ་བདུན་མ། མཆོག་གི་སྒྲོལ་མ། གུར་མགོན་ལྷ་བཅུ་བདུན་མ། དུས་འཁོར། ཆོས་དབྱིངས་གསུངས་དབང༌། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས། རྣམ་སྣང་མངོན་བྱང༌། མི་འཁྲུགས་པ་ལྷ་དགུ་མ་རྣམས་ཀྱི་དབང་གསན། དབང་དེ་རྣམས་དང་འབྲེལ་བའི་སྒྲུབ་དཀྱིལ་ལ་སོགས་པའི་རྒྱ་གཞུང་དང༌། བོད་ཀྱི་ཡིག་ཆ་རྣམས་ཀྱང་གསན་ནོ། །གཞན་ཡང་རྗེས་གནང་དང༌། སྒྲུབ་ཐབས་ལ་སོགས་པ་མཐའ་ཡས་པ་དང༌། ཨུ་རྒྱན་བསྙེན་སྒྲུབ་ཀྱི་སྐོར། བདེ་མཆོག་སྙན་བརྒྱུད་ཀྱི་སྐོར་ཚང་མ། རྒྱུད་འབུམ་ཡོངས་སུ་རྫོགས་པ། མདོ་སྡེ་ཡོངས་སུ་རྫོགས་པ་དང༌། སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་མདོའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ། བསླབ་པ་ཀུན་ལས་བཏུས། སྤྱོད་འཇུག །མདོ་སྡེ་རྒྱན། རྒྱུད་བླ་མ། མངོན་