R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༤༢བ
[A:༤༢བ]ཅན་ཞེས་བྱ་བར་དེ་བཞིན་གཤེགས་པ་གསེར་འོད་རྣམ་པར་རྩེན་པ་ཞེས་བྱ་བའི་བསྟན་པ་ལ། ད་ལྟ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་མཐའ་ཡས་ཞེས་བྱ་བ་བཞུགས། དེའི་སྲས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོན་ཏན་མཐའ་ཡས་སུ་སྐྱེའོ་ཞེས་པའི་སྒྲ་བར་སྣང་ལ་གྲགས་སོ་ཞེས་གསུངས་སོ། །དགུང་ལོ་ཞེ་དགུ་པ་ལ་རུ་མཚམས་སུ་སྔ་རེས་བྱོན་པའི་མནལ་ལམ་དུ་རི་ཆེན་པོ་ཅིག་གི་ཞོལ་ན། ཁང་པ་ཆེན་པོ་གཅིག་གི་འོག་ན་ཡང་མི་མང་པོ་རོང་རོང་འདུག སྟེང་ན་ཡང་མི་མང་པོ་འདུག་པའི་དབུས་ན་བླ་མ་ཡབ་སྲས་བཞུགས་པའི་དྲུང་ནས་གཞན་ཞིག་ཏུ་བཞུད་དགོངས་ཙ་ན། བླ་མ་ཡབ་སྲས་ཀྱིས་བཞི་པའི་ལམ་བསྟན་ནས་མི་སྣང་བར་གཤེགས། སྟེང་གི་མི་རྣམས་ལ་ཁྱེད་རང་འགྲོ་འདོད་ན་ངའི་ཟླ་ལ་ཤོག ལམ་རྒྱུས་ང་ལ་ཡོད་པ་ཡིན་བྱས་ནས་རི་དེའི་ཕྲད་ལ་ནུབ་ཕྱོགས་སུ་བྱོན་པ་དང་། མི་རྣམས་ལངས་ནས་ཕལ་ཆེར་རྗེ་བཙུན་གྱི་ཕྱི་ལ་བྱུང་། འགའ་ཞིག་ལངས་ནས་དེ་ཉིད་ན་འདུག འོག་ན་གཡང་ས་ཆེར་ཡོད་པའི་ལམ་ཅིག་འདུག་པ་ལ། ཞལ་བྱང་དུ་གཟིགས་ཏེ་བྲག་ཐེམ་ཅིག་ལ་འཛེགས་ནས་འདི་ན་ཡར་ཤོག་བྱས་པས་མི་བརྒྱ་ཙམ་ཕྱི་ན་ཡར་བྱུང་། གུང་སྟོན་ལ་སོགས་པ་འགའ་ཞིག་གུང་ཐང་དུ་འགྲོ་ཟེར་ནུབ་ཕྱོགས་སུ་སོང་ངོ་། །མང་པོ་གཅིག་ངེད་ཀྱིས་མི་ཐར་ཟེར་ཏེ་དེ་ན་འདུག མི་དེ་རྣམས་ཀྱི་ནང་ནས་ཕྱག་རྒྱ་ཆེན་པོ་པ་བྱ་བ་རྦབ་ཏུ་ལྷུང་ཟེར། མ་ཤིའམ་བྱས་པས་མ་ཤི་ཟེར། ད་ཁྱེད་རང་རྣམས་ཤོག་བྱས་ནས་བཞི་པའི་ལམ་བསྟན་ཏེ། དེར་དཔོན་གཡོག་འཐོན་པ་རྣམས་ཡར་བྱོན་པའི་བྱང་ངོས་ན་རི་ཟུར་ཟུག་པོ་ཅིག་འདུག ཤར་ངོས་ན་གོང་ཉག་ཅིག་འདུག་པ་ལ་རི་ལ་