R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༤༣ན
[A:༤༣ན]ལམ་གཉིས་ཡོད་པ་ལ་བྱང་གི་དེ་བླ་ཆེན་གྱི་བྱང་ཆུབ་སེམས་དཔའ་སྟག་བཏང་བའི་ལམ་ཡིན། ཤར་གྱི་འདི་ཞུ་ཡས་བཏང་བའི་ལམ་ཡིན། ཁྱེད་རང་བྱང་གི་ལམ་ལ་འགྲོ་བ་རྣམས་སོང་། ངས་མི་ཐར་བས་ཤར་ལམ་ལ་འགྲོ ཁྱེད་འགྲོ་བ་རྣམས་ཀྱང་ཤོག་བྱས་ཏེ་སྐ།་དེ་ལ་འཛེགས་པ་དང་། སུམ་ཅུ་རྩ་དྲུག་ཙམ་ཕྱི་ལ་བྱུང་བ་ལས། སུམ་ཅུ་ཙམ་གྱིས་ཅུང་མ་ཐར་བ་ལ་བཞི་པའི་ལམ་བསྟན་ཏེ་ཕྱི་ན་ཡར་ཤོག་བྱས་ཏེ། ན་བཟའ་ཐེར་མ་རྐྱང་ཅིག་གསོལ་ནས་བྱོན་པ་དང་ཉག་དེར་སླེབ། ཕྱི་ལ་ངོ་ཤེས་པ་དགའ་སྟོན་དང་གཞན་ལྔ་དྲུག་ཙམ་སླེབ་འདུག དེར་ཉག་དེའི་རྒྱབ་ན་ས་ཕྱོགས་དཀར་ལ་སྣུམ་པ་ཡོད་ཟེར་ནས་བྱོན་པ་དང་མནལ་སད་དེ། དེའི་དོན་ལ་བསམས་ན་འོག་གི་དེ་རྣམས་སྲིད་པའི་རྒྱ་མཚོ། སྟེང་མ་འཁོར་མང་པོ་འོང་བའི་རྟགས། ལངས་པ་རྣམས་དབང་བསྐུར་བ་དང་། གུང་ཐང་དུ་སོང་བ་རྣམས་རེ་ཞིག་འཁོར་བ་ལས་མི་འཐོན་པ། རྦབ་ཏུ་ལྷུང་བ་དེ་ང་ལ་ཁྲོས་པས་དམ་ཉམས་པ། མ་ཤི་བ་དེ་འཆི་ཁར་ངས་དམ་ཚིག་གསོས་པས་ངན་སོང་དུ་མ་ལྷུང་བ། ལམ་ཁར་ལས་པ་ཅུང་ཟད་ལམ་བསྒོམ་པ། ལམ་གཉིས་ཀའི་ཁར་ལས་པ་ཅུང་ཟད་རྟོགས་པ་རྙེད་པ། སུམ་ཅུ་ཙམ་མ་ཐར་བ་སྔ་མ་བས་ཅུང་ཟད་རྟོགས་པ་མཐོ་བ། ངའི་ཟླ་ལ་སླེབ་པ་དེ་རྣམས་བཟོད་པ་ཐོབ་སྟེ། རྗེ་བཙུན་རང་གི་སློབ་མ་ལ་སྟག་ལྟ་བུའི་ལུས་མ་སྤངས་པར་གྲུབ་པ་ཐོབ་པ་ནི་མི་འོང་། ཞུ་ཡས་ལྟ་བུའི་བཟོད་པ་ཐོབ་པ་ལྔ་དྲུག་ཡོང་བར་འདུག་གསུངས། དགུང་ལོ་ང་དྲུག་པའི་རྨི་ལམ་ན་བླ་མའི་ཞལ་ནས། ངས་ཁྱོད་ལ་ཆོས་བསྟན་པ་ཐམས་ཅད་འདིར་འདུས་པ་ཡིན་ཏེ། བྱང་ཆུབ་