R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༢༢བ
[A:༣༢༢བ]ཀྱི་ཐུགས་སྲས་དམ་པ་བདག་ལ་བཀའ་དྲིན་ཆེ་བའི་རྩ་བའི་བླ་མ་རྣམ་གསུམ་གྱི་ནང་ཚན་འཇམ་པའི་དབྱངས་བྱམས་པ་དཔལ་ངག་དབང་བསོད་ནམས་དབང་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་ཡབ་སྔགས་འཆང་བླ་མ་ཀུན་དགའི་མཚན་ཅན་དེ་ཉིད་ཞིང་གཞན་དུ་གཤེགས་པའི་དུས་དེ་ནས་བཟུང་ལོ་གྲངས་དྲུག་གི་བར་དུ་གདན་ས་མཛད་ལ། བདག་ཉིད་ཆེན་པོ་དེ་ཉིད་ཀྱི་གཅུང་བཀའ་དྲིན་གཞལ་དུ་མ་མཆིས་པའི་སྤྲུལ་པའི་སྐྱེས་མཆོག་རྒྱལ་སྲས་སྦས་པའི་རྣལ་འབྱོར་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས། རྗེ་རང་ཉིད་དགུང་ལོ་ཉེར་བདུན་ཙམ་དུ་ཕེབས་པ་ནས། ལྔ་བཅུ་རྩ་ལྔ་བཞེས་པ་མི་སྦྲུལ་གྱི་ལོའི་བར་ཏེ། ལོ་གྲངས་སུམ་ཅུ་སོ་བདུན་ཙམ་ཞིག་གདན་ས་མཛད་ནས་སྔགས་འཆང་ཀུན་དགའི་མཚན་ཅན་གྱིས་བསྟན་པའི་མེ་རོ་རྨང་ནས་བསླངས་པའི་རྒྱུན་དེ་ཉིད་མི་ཉམས་ཤིང་དབྱར་མཚོ་ལྟར་འཕེལ་རྒྱས་སུ་མཛད་ཅིང་། དེ་རྗེས་སྔགས་འཆང་གྲགས་པའི་མཚན་ཅན་དེ་ཉིད་ཀྱི་སྲས་འཇམ་དབྱངས་ངག་དབང་ཀུན་དགའ་དབང་རྒྱལ་གྱི་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ཉིད་བདེ་བར་གཤེགས་པའི་དུས་ནས་བཟུང་། ལུག་ལོའི་བར་ལོ་ངོ་གསུམ་གདན་ས་མཛད་ལ། རྗེ་དེ་ཉིད་ཞིང་གཞན་དུ་གཤེགས་པ་ནས་ཁོ་བོ་ཅག་གིས་གདན་ས་ཆེན་པོའི་ཁུར་རྣམས་ཁྱེར་ནས་སྦྲུལ་ལོ་གདུང་རབས་འདི་ཉིད་བརྩམས་པ་ཕན་ཆད་ལོ་གྲངས་བཅུ་ཙམ་ལོན་ཞིང་། ད་དུང་ཀྱང་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་ངོས་ཅག་རིགས་བརྒྱུད་དྲི་མ་མེད་པ་དང་བཅས་པས་དཔལ་ས་སྐྱའི་བསྟན་པ་བསྟན་འཛིན་དགོན་གནས་དང་བཅས་པ་རྒྱུན་མ་ཆད་པར་སྐྱོང་བའི་དགེ་མཚན་ཕུན་སུམ་