R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༤ན
[A:༣༠༤ན]བར་མཛད་པ་ན། ཕྱོགས་དེ་ཉིད་ན་གཡག་རེང་རྐྱང་འཁོང་དུ་གྲགས་པའི་ལ་ཆེན་པོ་གྲང་བའི་རེག་ཆ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ལ། སང་ཉིན་དཔོན་སློབ་རྣམས་ཕེབས་པའི་དོ་ནུབ་སྐུ་འཁོར་བ་རྣམས་ནང་པར་གྲང་བའི་ངད་པ་ཆེན་པོ་འབྱུང་ངོ་ཞེས་འཇིགས་པས་ཡིད་ངལ་བར་གྱུར་པ་ན། སང་ཉིན་བདག་ཉིད་ཆེན་པོ་དཔོན་སློབ་རྣམས་ལྷན་ཅིག་པས་ལ་དེ་ལ་ཕེབས་པའི་ཚེ། དེ་དུས་དགུན་ཤིན་ཏུ་གྲང་བའི་དུས་ཡིན་ཀྱང་དབྱར་གྱི་སྐབས་བཞིན་རིའི་ངོས་ཐམས་ཅད་རྨུགས་པ་ཆེན་པོས་ཁྱབ་ཅིང་། སྔགས་འཆང་བླ་མ་ཉིད་ཀྱི་སྐུ་ལ་འཇའ་དཀར་པོ་ཞིག་མདུང་ཚུགས་ཀྱིས་ཟུག་པ་དང་། སྐུའི་གཡས་གཡོན་གྱི་ཐད་ལ་ཆོས་སྐྱོང་གི་སྤྲུལ་པའི་བྱ་རོག་གཉིས་གཤོག་སྒྲ་འབྱིན་བཞིན་པ་དང་བཅས་འཕུར་འགྲོ་བ་དང་། རྨུགས་པ་དེ་ཉིད་ཀྱི་གདུགས་ཀྱི་རྣམ་པས་སྐུ་འཁོར་རྣམས་ལ་ཡང་གྲང་བའི་རེག་བྱས་ཉེན་པ་ལྟ་ག་ལ་ཞིག་སྟེ། དབྱར་ཚ་བའི་དུས་བཞིན་ཚད་པས་གདུངས་པའི་ལུས་ཐམས་ཅད་རྔུལ་བུན་ནེ་བ་དང་བཅས་པ་ལ་དེ་ཉིད་མ་སྒྲོལ་བར་དུ་བྱུང་པས། ཕྱོགས་དེར་རྒྱུན་དུ་འགྲུལ་བྱེད་པའི་རྒན་རབས་རྣམས་ན་རེ། ཨེ་མ་ཡ་མཚན་ཆེ། དབྱར་གཞན་དུ་ཚད་པ་ཆེ་བ་རང་གི་དུས་སུ་ཡང་རི་འདི་ལ་གྲང་བའི་སྡུག་བསྔལ་ཁོ་ན་དུས་རྟག་ཏུ་ཡོང་བ་ལ། ད་ལན་གཅིག་པུ་ངོ་མཚར་བའི་རྟགས་འདི་བཞིན་འབྱུང་བ་ནི། ས་སྐྱ་བདག་ཆེན་གྱི་བྱིན་རླབས་ལས་བྱུང་བ་ཡིན་ཡང་དག་གོ་ཞེས་ཀུན་ཀྱང་སྒྲོགས་པར་གྱུར་ཅིང་། དེ་ལྟ་བུ་ནི་རྗེ་བཙུན་སྔགས་འཆང་བླ་མ་འདི་ཉིད་འབྱུང་བ་བཞི་ལ་རང་དབང་བརྙེས་པའི་གྲུབ་པའི་མཚན་མ་ཡང་དག་པར་རིག་པར་བྱ་སྟེ། འགའ་ཞིག་རྡོ་བྲག་སོགས་ལ་