R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩༣བ
[A:༢༩༣བ]ལ། ཐོག་མར་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་ཡབ་ཆོས་ཐུན་མོང་མ་ཡིན་པ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་སྨིན་བྱེད་ཀྱི་དབང་བསྐུར་བ་ལན་གྲངས་དུ་མ་ཞིག་དང་། གཞན་ཡང་ཡང་དག་མར་མེ་དགུ་པའི་དབང་། གུར་དྲག་གི་དབང་། འཁོར་ལོ་བདེ་མཆོག་ནག་པོ་པའི་དབང་། གསང་འདུས་མི་བསྐྱོད་པའི་དབང་། དགེས་པ་རྡོ་རྗེའི་རྒྱུ་དུས་ཀྱི་དབང་དང་། ལམ་དུས་ཀྱི་དབང་། བདག་མེད་ལྷ་མོ་བཅོ་ལྔའི་དབང་རྣམས་དང་། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དབང་ཁྲིད་ཡོངས་སུ་རྫོགས་པ་ཆ་ལག་འགའ་ཞིག་དང་། ལམ་འབྲས་གླེགས་བམ། གསུང་ངག་བླ་མ་བརྒྱུད་པའི་རྣམ་ཐར་རྣམས་ཀྱི་ལུང་དང་བཅས་པ། ཡང་རྗེས་གནང་གི་རྣམ་གྲངས་ལ། ཕུར་པ་དྲག་པོ་སྒྲོལ་བའི་རྗེས་གནང་། གུར་མགོན་ལྷ་བརྒྱད། ལྕམ་དྲལ། ཞིང་སྐྱོང་ཆེན་པོ། དུར་ཁྲོད་བདག་པོ། དམག་ཟོར་རྒྱལ་མོ། མོན་པ་མིང་སྲིང་། པུ་ཏྲའི་ཟུར་བཀའ། དཀར་བདུད་རྣམས་ཀྱི་རྗེས་གནང་སོགས་རྗེས་སུ་གནང་བའི་རིམ་པ་དུ་མ་དང་། ཡང་ལུང་གི་སྐོར་ལ། རྗེ་བཙུན་གོང་མ་ལྔའི་བཀའ་འབུམ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཀུན་མཁྱེན་བསོད་ནམས་སེང་གེ ཡོངས་འཛིན་དཀོན་མཆོག་འཕེལ་བ། འཇམ་དབྱངས་སངས་རྒྱས་རིན་ཆེན། ས་ལོ་ཐམས་ཅད་མཁྱེན་པ་རྣམས་ཀྱི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་དང་། གཞན་ཡང་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་པོ་ཏི་དང་པོའི་ལུང་དང་། རྒྱལ་སྲས་ཐོགས་མེད་ཀྱི་བཀའ་འབུམ་ཐོར་བུ་བ་རྣམས་ཀྱི་ལུང་དང་། ཇོ་བོའི་ཆོས་ཆུང་བརྒྱ་རྩ། སྔགས་འཆང་ཉིད་ཀྱི་བཀའ་