R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༩ན
[A:༢༨༩ན]གི་བྱ་བ་རྣམས་ཉིན་གང་གཅིག་ལ་མི་ཟིན་པ་འདུག་གོ་ཞེས་གླེང་བར་བྱུང་ཡང་། རྗེ་ཉིད་ཀྱི་ཐུགས་རྗེའི་རྒྱུན་གྱི་ཉི་མ་སྔར་བས་སུམ་ཆ་ཙམ་གྱིས་རིང་བར་གྱུར་ཏེ་བྱ་བ་ཕལ་ཆེར་ཉི་མ་བཞུད་འཕྲལ་ཚུན་ལ་གྲུབ་པས་ཀུན་ཀྱང་ངོ་མཚར་དུ་གྱུར་པ་ཡིན་ལ། དེ་ལྟ་བུའི་དགོངས་རྫོགས་ཤིན་ཏུ་རྒྱ་ཆེ་བ་གཞི་བྱེས་ཐམས་ཅད་དུ་བློས་མི་འཁྱུད་པ་ལྟ་བུ་བསྒྲུབས་པ་འདི་འདྲ་བ་ནི་རྒན་རབས་སུས་ཀྱང་མི་དྲན་པས། དུས་ཕྱིས་བྱོན་པའི་རྗེ་བཙུན་ས་སྐྱ་པའི་གདུང་རིགས་ཀྱི་དགོངས་པ་རྫོགས་ཐབས་ཞིག་ལ་འདི་ཁོ་ན་དངོས་པོ་བཟང་ཞིང་རྒྱ་ཆེ་བ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་ངོ་མཚར་ཆེ་བ་ཡིན་ནོ་ཞེས་སྐྱེ་བོ་ཐམས་ཅད་མགྲིན་གཅིག་ཏུ་སྒྲོགས་པར་གྱུར་ཅིང་། དེ་ནས་ཡུན་མི་རིང་བར་རྗེ་བཙུན་གྲུབ་པའི་དབང་ཕྱུག་ཉིད་ཀྱི་ནང་རྟེན་དུ་རིན་པོ་ཆེ་དངུལ་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་རྒྱ་དཔངས་ཆེ་ཞིང་བཟོ་ཁྱད་ཕུན་སུམ་ཚོགས་པ་དང་ལྡན་པས་བལྟ་བས་ཆོག་མི་ཤེས་པ་ཀུན་གྱི་མིག་གི་བདུད་རྩིར་གྱུར་པ་ཞིག་དང་། རྗེ་ཉིད་ཀྱི་སྐུ་ཚབ་གསེར་ཟངས་ལས་གྲུབ་པའི་སྐུ་ཚད་མ་སོགས་རྟེན་བཞེངས་རྣམས་གེགས་མེད་དུ་གྲུབ་པ་ན་དགེ་སྡིངས་ཆོས་ཀྱི་ཕོ་བྲང་ནས་རྗེ་ཉིད་ཀྱི་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་སྤྱན་དྲངས་ནས་དངུལ་གདུང་རིན་པོ་ཆེའི་གཟུངས་ཞུགས་ཀྱི་གཙོ་བོར་ཇི་སྲིད་བསྟན་པ་ནམ་གནས་ཀྱི་བར་དུ་ལྷར་བཅས་འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཞིང་དམ་པར་བཞུགས་སུ་གསོལ་ཞིང་། གཞན་ཡང་གཟུངས་དང་བྱིན་རླབས་ཀྱི་རྟེན་གྲངས་དང་ཚད་མེད་པ་ཞིག་གིས་གདུང་རྟེན་རིན་པོ་ཆེ་དང་སྐུ་ཚབ་སོགས་རྟེན་གསར་བཞེངས་རྣམས་ལ་ཕྱུར་བུར་བལྟམས་པའི་གཟུངས་རྫོང་ཚུལ་