R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༦ན
[A:༢༧༦ན]འཇུག་བདག་འདྲ་ལ། །མི་མངོན་དབྱིངས་ནས་གཟིགས་ཤིག་སྔགས་འཆང་རྗེ། །དད་པས་ཁྱོད་ཀྱི་བྲིས་འབུར་སྐུ་བརྙན་ལའང་། །ཡང་ཡང་འདུད་ཅིང་གུས་པས་གསོལ་བཏབ་ཀྱང་། །རྨི་ལམ་ཙམ་དུའང་ཞལ་དཀྱིལ་མོ་སྟོན་པར། །ཀྱེ་མ་བདག་གིས་མཚམས་མེད་ལས་བསགས་སམ། །སྤྲུལ་པའི་སྐྱེས་མཆོག་ཁྱོད་ཀྱིས་བསྟན་འགྲོ་ཕྱིར། །སྐུ་སྲོག་ཉིད་ཀྱང་གཏོང་ལ་མི་ཞུམ་པའི། །རླབས་ཆེན་མཛད་པས་བསྟན་པ་སྤེལ་བའི་རྒྱུན། །འདི་འདྲ་མཐོང་བས་བདག་སེམས་དབང་མེད་འཕྲོགས། །ཕྱོགས་འདིའི་སྐྱེ་དགུ་མཐའ་དག་ད་ལྟའི་བར། །བདེ་ལ་འཁོད་པ་ཁྱོད་ཀྱི་དྲིན་ཡིན་ཀྱང་། །ཀྱི་ཧུད་ད་ནི་བུ་ཚ་ངན་པ་ཡི། །ཕ་མའི་དྲིན་བཞིན་བརྗེད་པ་འདི་ལ་གཟིགས། །ད་ནི་ཁྱོད་ཀྱི་རྒྱལ་ཚབ་ཐུགས་ཀྱི་སྲས། །བདག་གི་བླ་མ་འཇམ་དབྱངས་སྐུ་མཆེད་ཀྱང་། །ཀུན་གྱིས་མི་མངོན་དག་པའི་ཞིང་གཤེགས་ནས། །ཀྱི་ཧུད་བདག་ཅག་སློབ་ཚོགས་འདིར་ལུས་སོ། །མཁྱེན་བརྩེ་ནུས་ལྡན་ཁྱོད་ཀྱི་མཛད་འཕྲིན་རྒྱུན། །ངོ་མཚར་མཐའ་དག་བདག་གིས་སྐྱོང་ངོ་ཞེས། །རློམ་སེམས་འདི་འདྲ་མི་རྣམས་རྣམ་ཐར་ལ། །སྤྲེ་འུ་དག་གིས་འགྲན་དང་ཁྱད་པར་ཅི། །འོན་ཀྱང་ལྷག་བསམ་དག་པས་ཁྱེད་བསྐུལ་ནས། །ས་སྐྱའི་སྡེ་དང་བསྟན་པ་གདུང་བརྒྱུད་བཅས། །ཡར་ངོའི་ཟླ་ལྟར་རྒྱས་པར་གྱུར་སྙམ་པའི། །བསམ་པ་དགེ་འདིས་སྔགས་འཆང་དགེས་གྱུར་ཅིག །དམ་པ་ཁྱོད་ཀྱི་ངོ་མཚར་རྣམ་ཐར་ཆ། །མཚོན་པ་ཙམ་ཞིག་བདག་གིས་བཀོད་པ་འདིས། །རྗེས་འཇུག་ཐམས་ཅད་དད་པ་རབ་གཡོས་ནས། །ཀུན་ལ་བླ་མའི་བྱིན་རླབས་འཇུག་པར་ཤོག །ཁྱད་པར་ཐུབ་དབང་