R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༩ན
[A:༢༦༩ན]པ་དུ་མ་ལས་དམ་པའི་ཆོས་ཁོ་ན་གསན་པ་ལྟ་བུ། ཡང་དབེན་གནས་རི་ཁྲོད་རྣམས་སུ་ཐུགས་དམ་ཟབ་མོ་ལ་གཅིག་ཏུ་གཞོལ་བས་ཉམས་རྟོགས་བཟང་པོ་འཁྲུངས་ཚུལ་རྣམས་དང་། ཡི་དམ་ཞི་ཁྲོ་དུ་མ་དང་། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་གསང་སྔགས་ཟབ་མོ་མང་པོའི་བྱེ་བསྙེན་མཛད་ཚུལ་རྣམས་ལ་བསམས་ན་སྐུ་ཚེ་རང་པོ་ཟབ་བཞེས་ལ་ཆིག་སྒྲིལ་ཁོ་ན་མཛད་པ་ལྟ་བུ། ཡང་ས་སྐྱ་པའི་ཡབ་ཆོས་དྲི་མ་མེད་པ་རྣམས་གཙོ་བོར་གྱུར་པའི་དབང་ཁྲིད་ལུང་མན་ངག་རྗེས་གནང་བཀའ་གཏད་སོགས་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་རྣམས་ལ་བསམས་ན་སྐུ་ཚེ་ཧྲིལ་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟ་བུ། ཡང་བསྟན་པའི་དགྲ་བོ་ལྷ་གནས་རྣམས་ཀྱིས་ཐོག་དྲངས་པའི་བདུད་ཀྱི་གནས་མལ་སྙིང་ལ་བཅས་པའི་སྟོབས་ལྡན་གྱི་གདུག་པ་ཅན་མང་པོ། ས་སྐྱ་པའི་བཀའ་སྲུང་ཁྱད་པར་ཅན་རྣམས་བྲན་དུ་བསྐོལ་ཏེ་དྲག་པོ་མངོན་སྤྱོད་ཀྱི་ལས་སྦྱོར་གྱི་སྒོ་ནས་གཏན་རླག་ཏུ་བཏང་སྟེ། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བའི་ཚུལ་རྣམས་བསམས་ན་སྐུ་ཚེ་རང་པོར་ལས་སྦྱོར་ཁོ་ནར་མཛད་པ་ལྟ་བུ། ཡང་བསམ་ཡས་དང་ས་སྐྱ་སོགས་ཀྱི་གཙུག་ལག་ཁང་མང་པོའི་ཞིག་གསོས་མཛད་ཚུལ་དང་། གསར་བཞེངས་བསམ་གྱིས་མི་ཁྱབ་པ་མཛད་པ། མདོ་སྔགས་ཀྱི་དགེ་འདུན་གྱི་སྡེ་གསར་འཛུགས་གནང་བ་རྣམས་ལ་བསམས་ན། སྐུ་ཚེ་རིལ་པོ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེའི་ཞབས་ཏོག་དང་གསར་འཛུགས་མཛད་པ་ལྟ་བུ། ཡང་ལྷོ་བོད་དབུས་གཙང་གི་ཁྱོན་འདི་རྒྱུན་ཆད་མེད་པ་ཞབས་ཀྱིས་བཅགས་ཤིང་། དགོན་ཆེ་ཆུང་། གྲྭ་བུ་སློབ། བསྟན་པ་སྟོབས་ཀྱིས་