[A:༢༦༦བ]རིས་གཞི་སྡེ་མཁན་པོ་རྗེ་མཁས་གྲུབ་པ། སྐྱིད་ཚལ་འོག་གི་མཁན་པོ་རྗེ་བློ་གྲོས་ཆོས་འཕགས་དང་། རྗེ་བློ་གྲོས་རྣམ་རྒྱལ། གསེར་མདོག་ཅན་གྱི་མཁན་པོ་ཀརྨ་བཟང་པོ། བྱ་རྒོད་གཤོང་གི་མཁན་པོ་འགའ་རོང་པ། གདོང་དགའ་སློབ་དཔོན་པ་ཀུན་དགའ་མཆོག་ལྡན། ཆོས་འཁོར་ལྷུན་པོའི་མཁན་པོ་ལྷ་བཙུན་གྲགས་པ། ཤཱཀྱ་བསམ་གྲུབ། ངག་དབང་གྲགས་པ་རྣམས་དང་། གྲ་ཐང་མཁན་པོ་སྡེ་བདག་ཆོས་རྗེ་ཁུ་དབོན་གཉིས། པཎ་ཆེན་བདེ་བའི་རྡོ་རྗེ། བསམ་ཡས་རབ་བྱུང་མཁན་པོ་རྗེ་གསེར་སྐུ་བ། གཏེར་སྟོན་ཞིག་པོ་གླིང་པ། གཏེར་སྟོན་ཤེས་རབ་འོད་ཟེར། དཔལ་འཁོར་ཆོས་སྡེའི་མཁན་པོ་འཕགས་པ་ཚུལ་ཁྲིམས་པ་སོགས་མཁས་གྲུབ་ཀྱི་སློབ་མ་མཚན་གྲགས་དང་ལྡན་པ་བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་གདན་ས་ཆེན་པོའི་བརྒྱ་དཔོན། ལས་ཆེན་སོགས། མདོར་ན་བསྟན་པ་རིན་པོ་ཆེ་ལ་བྱ་བ་མཛད་ནུས་པའི་སྐྱེས་བུ་དུ་མ་ཞིག་བྱོན་ནས། བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་གྱུར་པ་ནི་ཀུན་གྱིས་མངོན་དུ་གྱུར་པ་འདི་ཡིན་ལ། དེ་ལྟར་འཆད་པ་ཉི་མའི་འོད་ཟེར་གྱིས་གདུལ་བྱ་སྐལ་ལྡན་གྱི་བློ་གྲོས་ཀྱི་པདྨོ་ཆེས་ཆེར་བཞད་པར་མཛད་པའི་བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་ཕྱི་རོལ་དུ་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པའི་རིང་ནས་ནང་དུ་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་ནས་གྲུབ་པའི་རྟགས་མཚན་བསྟན་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་མོད། ཁྱད་པར་དཔལ་གྲོ་སྟག་ཚང་སེང་གེ་བསམ་གྲུབ་ཏུ་ཕེབས་ནས་གྲུབ་པའི་མཚན་མ་བརྙེས་པའི་ཚུལ་ནི། བདག་ཉིད་ཆེན་པོ་འདིས་སློབ་དཔོན་ཆེན་པོ་པདྨ་