R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༤བ
[A:༢༦༤བ]མཐོང་བར་གྲགས་ཤིང་། དེ་ནས་ཆོས་སྐྱོང་ཆེན་པོ་སྣང་དུས་ཀྱི་ཉིན་མིན་པ་བྱོན་མ་བྱུང་བ་ན། སྔགས་འཆང་ཉིད་ཀྱིས་ཆོས་སྐྱོང་ལ་ཁྱེད་ཁ་རྩང་མི་ཡོང་བ་ཅི་ཡིན་གསུངས་པ་ལ། ཆོས་སྐྱོང་གིས་ས་སྐྱ་པ་ཆེན་པོ་དེ་བདེན། གདུག་འདྲེས་བྱང་ཤམྦྷ་ལར་ཕྱིན་པས་ཁྲག་ཅིག་ལ་ཆགས་ནས་མ་སླེབས་པ་ཡིན་ཞུས་པས། སྔགས་འཆང་ཉིད་ཐུགས་འཁྲུགས་པའི་ཚུལ་གྱིས། ཁྱེད་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལི་ཡུལ་ལྕང་ར་སྨུག་པོ་ནས་བཀུག སྤྱིར་བོད་ཀྱི་གཙུག་ལག་ཁང་དང་མཆོད་རྟེན་བྲེ་ཙམ་ཡན་གྱི་གཉེར་གཏད། ཁྱད་པར་བསམ་ཡས་ཀྱི་གཙུག་ལག་ཁང་དང་། སྡེ་བསྟན་པ་སྲུང་བར་བཀའ་བསྒོས་པ་ལྟར་ཁས་བླངས་ནས། བྱང་ཤམྦྷ་ལ་རུ་ཐལ་བ་འགམ་དུ་ཕྱིན་པ་ཡིན་ནམ་ཞེས་གསུངས་པ་ན། ཆོས་སྐྱོང་ཆེན་པོ་རང་ཡང་ཞུམ་པ་དང་བཅས་བདག་ཉིད་ཆེན་པོའི་བཀའ་ཉན་ཅིང་འདུག་པར་གྲགས་ཤིང་། དེ་ནས་བདག་ཉིད་ཆེན་པོའི་ལྕོག་གསར་རྙིང་གཉིས་དང་། སློབ་དཔོན་གྱི་ཕྱག་བཟོ་སྐུ་འབྲས་ཆེན་མོ་ལ་ཡང་ཉམས་གསོ་མཛད་དེ། རབ་གནས་དང་བཀྲ་ཤིས་སོགས་རྒྱས་པར་གནང་ནས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ན་གནས་པའི་ལྷ་མི་ཐམས་ཅད་ཡི་རང་བར་མཛད་དེ་བསྟན་པ་རིན་པོ་ཆེས་ཆེར་གསལ་བར་གྱུར་ཅེས་ཡོངས་སུ་གྲགས་པ་ཡིན་ནོ།
།དེ་ནས་བདག་ཉིད་ཆེན་པོས་གཙང་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ནས་རིམ་གྱིས་གདན་ས་ཆེན་པོར་ཕེབས་པ་ན། གདུང་སྲས་འཇམ་པའི་དབྱངས་སྐུ་མཆེད་སོགས་ཀྱིས་ཐོག་དྲངས་གཞིར་བཞུགས་ཀྱི་དགེ་བའི་བཤེས་གཉེན་མང་པོ་དང་། ཕྱོགས་ནས་བྱོན་པའི་དགེ་བའི་བཤེས་གཉེན་