R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦བ
[A:༢༦བ]གམ་སྙམ་དུ་སེམས་པའི་ཚེ། བླ་ཆེན་ཉིད་ཀྱིས་མཁྱེན་བཞིན་པའི་ངང་ནས་ཉིན་གཅིག་གི་ཚེ། བླ་ཆེན་ཉིད་ཀྱི་སྐྱུ་བེམ་གྱི་ནང་དུ་རྗེ་བཙུན་སྐུ་མཆེད་རྣམས་དང་ཡབ་སྲས་ལྷན་ཅིག་ཏུ་བཞུགས་པ་ན། དེ་ཉིད་ཁམས་པས་མཐོང་བའི་ཚེ་འཇིག་རྟེན་ཕལ་པ་ལྟ་བུའི་ཕ་བུ་སྡོད་ལུགས་འདི་འདྲ་དང་བཅས་བླ་མ་ལྟ་ཅི། ཆོས་པ་ཙམ་དུ་ཡང་མི་འདུག་སྙམ་ལོག་ལྟ་ཆེར་སྐྱེས་པའི་ཚེ། དེ་ཉིད་བླ་མ་ཆེན་པོས་ཡེ་ཤེས་ཀྱི་གཟིགས་པས་ལེགས་པར་དགོངས་ཏེ། ཁམས་པ་ལ་ཞབས་དྲུང་དུ་ཤོག་གསུངས་ནས། ཁྱོད་ལ་རྣམ་རྟོག་ངན་པ་མེད་མཆིས་སམ་ཞེས་གསུངས་པས། ཁམས་པ་ཉིད་ཤིན་ཏུ་སྐྲག་སྟེ་ཙབ་ཙོབ་ཏུ་གྱུར་པ་ན། བླ་ཆེན་གྱི་ཞལ་ནས་གསང་སྔགས་པའི་རྡོ་རྗེ་སློབ་དཔོན་ལ་ལོག་ལྟ་བྱེད་པ་ཤིན་ཏུ་འཁྲུལ་པ་ཡིན་གསུངས་ནས། ཞབས་གཉིས་ཤད་ཀྱིས་རྐྱོང་པར་མཛད་པའི་ཞབས་མཐིལ་གཡས་གཡོན་ལ་ཀྱེ་རྡོ་རྗེ་དང་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་བྲིས་པ་ལས་ཀྱང་གསལ་བ་གཉིས་ཁམས་པ་ལ་བསྟན་པས། རྡོར་རྒྱལ་ཉིད་ཤིན་ཏུ་འགྱོད་པར་གྱུར་ཏེ་སྔར་བྱས་རྣམས་བཤགས་པ་དང་། ཕྱིན་ཆད་བླ་ཆེན་གྱི་ཆེད་དུ་ལུས་ངག་ཡིད་གསུམ་གཏོང་བའི་དམ་བཅའ་ཕུལ། དེ་ནས་ཁམས་པ་དེས་བླ་ཆེན་སྟག་ཚའི་དྲུང་དུ་ཕྱིན་ཏེ། ས་ཆེན་བཀྲོངས་གྲུབ་པ་ལྟ་བུའི་ཚུལ་སྨྲས་པས། བླ་ཆེན་སྟག་ཚས་དེ་ཉིད་བདེན་པར་བསམ་སྟེ་མགོ་བོ་འཁོར་ཏེ་རྡོར་རྒྱལ་ལ་ཉེ་གནས་བཅོལ་ཞིང་། ངེད་ཀྱི་མལ་ས་དང་ཕྲེང་བ་འདི་ལ་ཐོ་རེག་མེད་ཅིང་ཤིན་ཏུ་གཙང་བ་རང་དུས་རྒྱུན་དུ་བྱ་དགོས་སོ་ཟེར་བ་སོགས་ཀྱི་བསླབ་བྱ་མང་དུ་བྱས་པ་ལ་ཁམས་པས་བསམས་བཞིན་དུ་མལ་ས་ཡང་ཡང་དུ་བཤིག་བཅོས་བྱེད་པ་དང་། ཕྲེང་