R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤བ
[A:༢༤བ]པའི་དཀྱིལ་ཆོག་གི་ཐོ་ཡིག རས་བྲིས་ལ་བརྟེན་པའི་དཀྱིལ་ཆོག གསང་བའི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཆ་གསུངས་བཞིན་བྲིས་པ། དེའི་ས་བཅད། ཨོ་ལ་པ་ཏིའི་དོན་བསྡུས། བདེ་མཆོག་གི་རྣལ་འབྱོར་པའི་རོ་སྲེག་པའི་ཆོ་ག ཨོ་ལ་པ་ཏི་དང་དཔྱིད་ཐིག་གི་མན་ངག ཨོ་ལ་པ་ཏིའི་འགྲེལ་པ། དེའི་ས་བཅད། གསང་བའི་དེ་ཁོ་ན་ཉིད་ཀྱི་ཚིག་དོན་བསྡུས་པའི་གོ་འབྱེད། འཇིགས་བྱེད་རྟོགས་བདུན་གྱི་ཊཱིཀ སྒྲོལ་མ་བཅུ་བདུན་མའི་དཀྱིལ་ཆོག མན་ངག་གཅེས་བསྡུས། བྷ་ཡ་ནའི་སྲུང་འཁོར། བླ་མ་སྐྱུ་ར་ཨ་སྐྱབས་ལ་ཞུ་ཡིག བུམ་གཏེར་གཞུག་ཚུལ་གྱི་མན་ངག སྒྲུབ་ཐབས་མཚོ་སྐྱེས་ཀྱི་ས་བཅད། བདེ་མཆོག་རྩ་རྒྱུད་ཀྱི་ཊཱི་ཀ་མུ་ཏིག་གི་ཕྲེང་བ། བདེ་མཆོག་ལཱུ་ཡི་པའི་མངོན་རྟོགས་ཀྱི་ཊཱི་ཀ་ལ་སོགས་པ་མཛད་དེ། བླ་མ་ཉིད་ཀྱིས་མཛད་པའི་བསྟན་བཅོས་རྣམས་ནི་ཡི་གེའི་འཇོག་གཙང་བ། ཕལ་ཆེར་དབུ་ན་མཆོད་བརྗོད་དང་། མཇུག་ན་བསྔོ་བ་དང་མཛད་པ་པོའི་མཚན་ལ་སོགས་པ་སྨོས་པའོ། །ཡང་བླ་ཆེན་འདིས་མཆན་དང་འཁོར་ལོའི་དཔེ་བྲིས་མཛད་པ་ལ་ཀྱེ་རྡོར་རྒྱུད་གསུམ། ནག་འཇིགས་སྐོར་གསུམ་གྱི་རྒྱུད། རྡོ་རྗེ་མཁའ་འགྲོ །ཨ་བྷི་དྷ་ནའི་འགྲེལ་པ་ཀུ་མུ་ཏའི་མཆན་དང་། བདེ་མཆོག་ཉུང་ངུ་། སམྤུ་ཊ། ཚོགས་བདག་འདོད་རྒྱལ་རྣམས་ཀྱི་དཔེ་བྲིས་མཛད་དོ། །གཉིས་པ་རྟོགས་པའི་ཡོན་ཏན་ནི། སྡོམ་པ་གསུམ་དང་འགལ་བའི་ཉེས་པ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་ཤིང་། བྱམས་པ་དང་ཐུགས་རྗེས་རྒྱུད་བརླན་པ། དངོས་པོ་གང་ལའང་མི་ཆགས་ལ་དད་པ་དང་སྒྲུབ་པའི་སྒོ་ནས་བླ་མ་རྣམས་མཉེས་པར་མཛད་དེ། ནང་དུ་རྟེན་འབྲེལ་ཐམས་ཅད་བསྒྲིགས་