R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༢༠བ
[A:༢༢༠བ]ཆོས་མང་དུ་གསུངས། ཆོས་རྗེ་བླ་མ་དམ་པས་རིན་ཆེན་སྒང་བླ་བྲང་གི་གདན་སར་བསྐོ་བཞག་མཛད་པས། བདག་ཉིད་ཆེན་པོ་འདིས་ཀྱང་གདན་ས་བཟུང་ནས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པ་ན། གོང་ནས་རྒྱལ་པོས་ཏ་དབེན་གུ་ཤྲཱིའི་མཚན་དང་། ཤེལ་དམ་ཆེན་མོ་ཐོ་ཤུ་དང་བཅས་པ་སྩལ་ཞིང་། རྗེས་སུ་རྟ་ནག་སྐོར་གྱི་མཆོད་གཞིས་རྣམས་ཀྱི་ཞལ་བདག་མཛད་པའི་རིང་ནས། །དགུང་ལོ་ཉེར་བརྒྱད་པ་ལ་རྟ་ནག་རི་ཁུང་གཟིམ་ཁང་གསེར་ཁང་བྱ་བར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཞི་བར་གཤེགས་ཞེས་གྲགས་ལ། དབང་རྣམ་སྲས་རྒྱལ་མཚན། བདག་ཉིད་ཆེན་པོ་དེའི་གཅུང་དབང་རྣམ་སྲས་རྒྱལ་མཚན་ཞེས་བྱ་བ་ནི། ཡབ་དབང་གྲགས་པ་རྒྱལ་མཚན་དགུང་ལོ་ཉེར་ལྔ་པ་ལྕགས་ཕོ་བྱི་བའི་ལོ་ལ་སྐུ་འཁྲུངས་ཏེ། ཆོས་རྗེ་བླ་མ་དམ་པ་དང་། བླ་ཆེན་བསོད་ནམས་བློ་གྲོས། བླ་མ་དཔལ་ལྡན་པ་རྣམས་ལ་ཡབ་ཆོས་མང་དུ་གསན་ནས་ཐུགས་སུ་ཆུད་པར་མཛད་ཅིང་། རབ་ཏུ་བྱུང་བའི་གྲབས་མཛད་སྐབས། ཧོར་རྒྱལ་པོ་ཐོ་གན་བྱ་བས་རང་གི་སྲས་ཆེ་བ་དང་མཉམ་པའི་ལས་ཁ། རྭ་རྩེ་དབང་གི་མཚན་གསེར་དམ། གསེར་སྒོར། དངུལ་སྒོར། ཁྲིམས་ར་བརྒྱད། ཁྲིམས་ཀྱི་ཐ་ས་པ་པིང་ཅིག་པ་ཧུ་ཤྲཱི། ཉི་མ་ནུབ་ཕྱོགས་ཤེས་སུ་བཅུག་པའི་ལུང་བཟང་པོ་དང་བཅས་པ་སྩལ། ལུགས་གཉིས་ཀྱི་འཕྲིན་ལས་རྒྱ་ཆེན་པོ་མཛད་དེ། དེའི་བར་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ཅིང་། །ཁྱད་པར་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་རྣམ་འཕྲུལ་ལོ་ཆེན་སྐྱབས་མཆོག་དཔལ་ལ་སངས་རྒྱས་དངོས་ཀྱི་མོས་གུས་མཛད་པ་དང་། གཞན་ཡང་གདན་ས་ཆེན་པོའི་ཞབས་ཏོག གཙུག་ལག་ཁང་དང་རྟེན་གསུམ་བཞེངས་