R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༨བ
[A:༢༡༨བ]འཁྲུངས་པ་དེའི་ནང་ནས། དུས་མཆོད་བླ་བྲང་། ཉི་མ་དཔལ། གཅེན་སློབ་དཔོན་ཆེན་པོ་ཉི་མ་དཔལ་ཞེས་བྱ་བ་དུས་མཆོད་བླ་བྲང་དུ་སྐུ་འཁྲུངས་མོད་ཀྱང་གཞོན་ནུ་ལ་གཤེགས་ནས་བསྟན་པ་ལ་ཕན་པ་ཞིག་མ་བྱུང་། སློབ་དཔོན་མ་ཀུན་དགའ་འབུམ། བར་མ་སློབ་དཔོན་མ་ཀུན་དགའ་འབུམ་ཞེས་བྱ་བ་སྟེ་འདི་ནི་ཁབ་སོ་བཀྲ་ཤིས་སུ་འཁྲུངས་ནས་སྐུ་ནར་སོན་པ་ན་མངའ་རིས་གུང་ཐང་དུ་མངའ་བདག་ཏ་དབེན་ཤའི་ཇོ་མོ་མཛད་ཅིང་། སྲས་སློབ་དཔོན་ལྷ་བཙུན་ཕུན་ཚོགས་དཔལ་དང་། མངའ་བདག་བཟང་པོ་ལྡེ་གཉིས་བྱུང་བའི་ལྷ་བཙུན་ཕུན་ཚོགས་དཔལ་གྱིས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ལོ་མང་པོའི་བར་དུ་ཆོས་འཆད་མཛད་ཅེས་གྲགས་ཤིང་། དེ་ནས་དུས་ཕྱིས་སློབ་དཔོན་མ་དེས་གདན་ས་ཆེན་པོར་ཕེབས་པ་ན་དཔོན་ཆེན་གཞོན་དབང་པ་ཡབ་སྲས་ཀྱིས་བླ་བྲང་སེང་གེ་སྒང་ཕྱག་ཏུ་ཕུལ་ནས། གནས་དེར་ཐུགས་དམ་ཟབ་མོའི་ངང་ནས་སྐུ་གཤེགས་སོ། ། དབང་ཀུན་དགའ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ། ཡང་ལྕམ་སྲིང་གསུམ་གྱི་གཅུང་དབང་ཀུན་དགའ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་ནི་ཡབ་བདག་ཉིད་ཆེན་པོ་དགུང་ལོ་ཞེ་བདུན་པ་ས་ཕོ་སྤྲེའུའི་ལོ་ལ་གདན་ས་ཆེན་པོའི་ནུབ་ཕྱོགས་རེ་མདའ་ཞེས་བྱ་བར་སྐུ་འཁྲུངས་ཏེ། གཞོན་ནུའི་དུས་སུ་ཡབ་ཆོས་རྣམས་ལ་སྦྱངས་པ་མཛད། སྣོད་ལྡན་གྱི་གདུལ་བྱ་རྣམས་ལ་དམ་པའི་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་པོ་སྩལ་བས། རྒྱལ་པོ་ཆེན་པོའི་ལུང་གིས་སའི་ལེན་དབང་གི་མཚན་དང་། གསེར་གྱི་དམ་ཁ་ཆེན་མོ། ཤེལ་གྱི་ཐོ་ཤུ་དང་། ཐོང་བྱིང་དང་གིང་རིའི་ཁྲིམས་ར། རྒྱལ་པོ་རང་ཉིད་ཀྱི་ལྕམ་མོ་ཁབ་ཏུ་ཕུལ་ཞིང་། ཉི་མ་ནུབ་ཕྱོགས་བོད་ཆོལ་ཁ་གསུམ་ལ་ཤེས་སུ་བཅུག་ནས་ཁྲིམས་ཀྱི་བྱ་བ་ལ་མངའ་མཛད་དེ། དགུང་ལོ་ཉི་ཤུ་རྩ་དགུ་པ་མེ་ཕོ་