R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༨ན
[A:༢༡༨ན]གྲགས་རྒྱལ་བཙུན་མོ་མ་གཅིག་ལྷ་རིན་ལ། །སློབ་དཔོན་ཆེན་པོ་ཀུན་དགའ་ལེགས་བློ་དང་། །རྣམ་སྲས་རྒྱལ་མཚན་དབང་ཞེས་གྲགས་པ་འཁྲུངས། །བཙུན་མོ་གཉིས་པ་སྟག་ཚང་སྲས་འདྲེན་སྲས། །སློབ་དཔོན་ཆེན་པོ་འཇམ་དབྱངས་ཆོས་རྒྱལ་ཡིན། །རྣམ་སྲས་བཙུན་མོ་རྟ་ནག་གྲུ་གུའི་སྲས། །སློབ་དཔོན་ཆེན་པོ་ཀུན་དགའ་བློ་གྲོས་ཏེ། །བཙུན་མོ་གཉིས་པ་མ་གཅིག་ཡ་འབྲོག་མ། །བསོད་ནམས་འབུམ་ལ་ནམ་མཁའ་ལེགས་པ་འཁྲུངས། །ནམ་ལེགས་བཙུན་མོ་མ་གཅིག་བཙུན་མ་སྐྱིད། །ཅེས་བྱའི་སྲས་ནི་ནམ་མཁའ་རྒྱལ་མཚན་ཡིན། །ནམ་རྒྱལ་བཙུན་མོ་ཤངས་པ་རྒྱལ་མོའི་སྲས། །སློབ་དཔོན་ཆེན་པོ་ནམ་མཁའ་རིན་ཆེན་ནོ། །བཙུན་མོ་གཉིས་པ་དཔལ་འབྱོར་བཟང་མོའི་སྲས། །དབང་གི་མཚན་གསོལ་ནམ་མཁའ་བཀྲ་ཤིས་ཡིན། །ནམ་མཁའ་བཀྲ་ཤིས་བཙུན་མོ་དམའ་སེ་བཟའ། །མ་གཅིག་ཧེར་མོ་ཚེ་བརྟན་ཞེས་བྱའི་སྲས། །འཇམ་དབྱངས་སྤྲུལ་པ་ཀུན་དགའ་བསོད་ནམས་དང་། །ངག་གི་དབང་ཕྱུག་དང་ནི་འཇམ་དཔལ་གྲགས། །སངས་རྒྱས་ཚེ་བརྟན་བཀྲ་ཤིས་ཞེས་བྱ་བཞི། །ཚེ་བརྟན་བཙུན་མོ་ཡ་འབྲོག་ཁྲི་ལྕམ་སྲས། །ཀུན་དགའ་བསམ་གྲུབ་ངག་དབང་ཀུན་རིན་གཉིས། །དུས་མཆོད་བླ་བྲང་གདུང་བརྒྱུད་རིམ་པ་འོ། །ཞེས་པ་ལྟར་རོ། །གཉིས་པ་དེའི་དོན་རྒྱས་པར་བཤད་པ་ནི། བླ་མ་བདག་ཉིད་ཆེན་པོའི་བཙུན་མོ་སྤྱི་གྲངས་ཀྱི་དྲུག་པ། གདུང་བརྒྱུད་སྤེལ་ཅིག་པའི་ལུང་ཕུད་ནས་ཁབ་ཏུ་བཞེས་པའི་བཙུན་མོ་ལྔ་པ་ཡུལ་རེ་མདའ་མ། ཕ་མིང་རེ་མདའ་བའི་རྩེད་པོ། མིང་ལྷ་གཅིག་ཉི་མ་རིན་ཆེན་ཞེས་བྱ་བ་ལ་སྲས་ལྕམ་སྲིང་གསུམ་