R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༨བ
[A:༡༢༨བ]ཞིང་། ཕྱིས་བླ་མ་ཆོས་ཀྱི་རྒྱལ་པོ་ལ་རབ་ཏུ་གུས་པའི་སྙན་ཚིག་གིས་བསྟོད་དབྱངས་ཚངས་པའི་འབྲུག་སྒྲ་ཞེས་པ་ཡང་ཕུལ་བ་ཡིན་ལ། གོང་མ་མིའི་དབང་པོས་ཀྱང་མཁས་པ་ཆེན་པོར་མངའ་གསོལ་བ་དང་། གནང་སྦྱིན་གྱི་སྐྱེལ་བཟང་པོ་དང་བཅས་གདན་ས་ཆེན་པོར་བརྫངས་པའི་མི་སྣ་བིང་བིང་ཀའུ་སི་དཔོན་གཡོག་རྣམས་ཀྱིས་སྣར་ཐང་དུ་ཕུལ་ཅེས་གྲགས་ཏེ། དེ་ལྟར་ངོ་མཚར་བའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཞིག་སྟོན་པར་མཛད་ཅིང་། གཞན་ཡང་མདོ་ཁམས་སྒང་དུ་གསེར་གྱི་པོ་ཏི་བརྒྱ་དང་བཅོ་ལྔ་དང་། སྟག་ཐོག་གཞིས་མོ་ཆེར་མདོ་མང་པོ་སྟི་བཞི་བཅུ་གསེར་ལས་བཞེངས་ཤིང་། གཞན་ཡང་གདན་ས་ཆེན་པོར་ཆོས་རྗེའི་ནང་རྟེན་གསེར་གྱི་སྒོ་མང་དང་། དེའི་བཞུགས་གནས་གཙུག་ལག་ཁང་གསེར་ཐོག་ཆེ་བ་ལ་སོགས་པ་བཞེངས། མདོར་ན་ཉིན་རེ་བཞིན་ཡང་འབྱོར་པའི་ཁྱད་པར་ཚད་མེད་པ་ཕྱག་ཏུ་བབས་པ་རྣམས་ཀྱང་རང་དོན་དུ་ཏིལ་འབྲུ་ཙམ་ཡང་མི་འཛིན་པར། དཀོན་མཆོག་གསུམ་མཆོད་པ་དང་། ཕོངས་པ་རྣམས་ལ་ཅི་དགར་སྦྱིན་པ་འབའ་ཞིག་མཛད་པ་ཡིན་ལ། དེའི་དབང་གིས་འབྲས་བུས་དཔལ་འབྱོར་ཕུན་སུམ་ཚོགས་པ་ཡང་ཚད་མེད་པ་མངའ་སྟེ། སྔ་ཕྱིར་གསུང་རབ་བཀའ་འགྱུར་ཀྱང་ཚར་དྲུག་གིས་སྣ་དྲངས་པའི་མཐུན་དུ་གྲུབ་པར་འབུལ་བ་བྱུང་བའི་གསེར་ཆོས་ཉིས་སྟོང་དང་བརྒྱ་ང་བདུན་གྱིས་གཙོ་བྱས་གྲངས་ལས་འདས་པ་དང་། ཟང་ཟིང་ཡང་སེ་ཆེན་རྒྱལ་པོས་དངུལ་བྲེ་ཆེན་སྟོང་ར་ཅན་ལན་གཉིས་ཕུལ་བས་ཐོག་དྲངས། མདོར་ན་འབུལ་བའི་དངོས་པོ་བརྗོད་པར་མི་ནུས་པ་ལྟ་བུ་བསམ་གྱིས་མི་ཁྱབ་པ་བྱུང་བར་གྲགས་སོ། །གཞན་ཡང་ཚུལ་