R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༩ན
[A:༡༡༩ན]ཀྱང་། ནད་ཚབས་ཆེན་ཅིག་གིས་ལོ་སྐོར་དུ་ཟིན་ན་སྔར་གྱི་དབྲིས་ཙམ་ཡང་མེད་པར་གྲོད་སྐོགས་ཐབ་ཏུ་བསྲེགས་པ་བཞིན་དུ་བཞུ་ནས་ཆ་བ་ཡིན་གསུངས། དེ་བཞིན་དུ་ལྷ་སོ་སོའི་ཞག་བདུན་གྱི་འཆི་ལྟས་བྱུང་བས་སྡུག་དྲགས་ནས་ལུས་པོ་དངོས་མེད་དུ་བཞུགས་ནས་ཆ་བ་ཡིན་གསུངས། ཡང་འཁོར་བ་ལ་འཇུག་དོང་སྤྲུགས་ཡོང་མི་ཡོང་ཞུས་པས། འདི་ལ་ཐོག་མ་མེད་པ་ནས་ཆོས་པ་ཕྱེད་ཀྱིས་ཡོང་ཟེར། ཕྱེད་ཀྱིས་མི་ཡོང་ཟེར་བ་ལ་ལྕེ་ཟད་པ་ལགས་སྐད། ལུང་གཉིས་ཀ་ལ་བདོག དོན་ལ་མི་ཡོང་བ་ལགས་གསུངས། འོ་ན་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཡོད་པར་གསུངས། སྙིང་པོ་ཡོད་ཙ་ན་འཇུག་ཐམས་ཅད་སངས་རྒྱ་བ་ལས་ཅང་བདོག་གམ། ཡང་སེམས་ཅན་ལ་གསར་སྐྱེ་ནི་མི་སྲིད་པ་གདའ། འཁོར་བ་ན་ཡོད་པ་འདི་རྣམས་སངས་རྒྱས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་སྐད་ཅིག་རེ་རེ་ལའང་དཔག་ཏུ་མེད་པ་སྒྲོལ་བར་འདུག སྐད་ཅིག་འདི་ལ་སངས་རྒྱས་ལ་སངས་མི་རྒྱ་བྱ་བའི་སྐད་ཅིག་ནི་མེད་པར་འདུག དེ་ཙམ་ན་མཛད་པ་ལས་འོས་ཅང་བདོག་གམ་ཞུས་པས། དེ་སེམས་ཅན་ལ་ཚད་ཅིག་ཡོད་ན་ཁྱོད་ཀྱི་དུག་ཡིན། སངས་རྒྱས་རེ་རེས་སེམས་ཅན་རེ་རེའི་དོན་ལས་མ་བྱུང་ཡང་འཇུག་མཛད་པ་ལས་འོས་མེད་དེ། ཚད་མེད་དེ་ནམ་མཁའི་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། སེམས་ཅན་རང་བཞིན་གང་ཡིན་དེ་ཡང་ཕ་མཐའ་མེད། །བགྱི་བ་ངེས་པའི་ལུང་ཡིན། འདིའི་ཐད་ཀ་ན་སྔོན་གངས་པ་ཤེའུ་བྱ་བའི་རིགས་པ་བ་ཆེན་པོ་ཅིག་བྱུང་བས་ཁོང་དོང་སྤྲུགས་མི་ཡོང་བར་འདོད། རིགས་པ་རེ་ཞིག་འོང་