R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༦བ
[A:༡༡༦བ]དུ་ཕ་རོལ་ཕྱིན་པའི་ཚུལ། །མགོ་དང་རྐང་ལག་ལ་སོགས་གཏོང་པའི་ཚོགས། །བླ་མའི་ལམ་འདིས་སྐད་གཅིག་གཅིག་ལ་གཅོད། །བགྱི་བ་གསང་སྔགས་པ་དབང་པོ་རབ་བླ་མ་དང་སློབ་མ་རྟེན་འབྲེལ་འཛོམ་པའི་ཚད་སུས་ཀྱང་གཟུང་དུ་མི་ཉན་ལགས། རྟག་ཏུ་ངུ་བརླ་ཤ་མེད་པར་བཏོགས་ནས་རུས་པ་ཙོག་ཏུ་རྩིག་པའི་དྲུང་དུ་འགྲོ་བའི་དུས་དེ་ན་ཡོན་ཏན་མང་པོ་རྫོགས་ཟིན་ལགས། འབྲུ་དེ་བཞིན་མནན་པས་མི་ཡོང་ལགས་གསུངས་ནས། ཁྱེད་ཀྱི་བཀའ་གདམས་པ་འདི་ཚོ་ཁྱེད་རང་གི་ཇོ་བོ་ཡབ་སྲས་དང་སྐུ་མཆེད་ལ་སོགས་པའི་བརྒྱུད་པ་གོང་མ་གྲུབ་ཐོབ་རྣམས་ཀྱིས་ཀྱང་དབང་ཤ་སྟག་བསྐུར་ནས་འདུག་པས་གོང་མའི་རྗེས་སུ་འོག་མ་སློབ་ཏུ་གཤའ། རྒྱུ་རང་དང་མཐུན་པ་ལས་འབྲས་བུ་རང་དང་མཐུན་པ་ཞིག་འབྱུང་བ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན། རྒྱུ་དབང་བསྐུར་ལ་མི་དགའ་བར་འབྲས་བུ་བསྐྱེད་རྫོགས་བསྒོམ་བཟླས་བྱེད་པའི་ལུགས་གཅིག་དར་ནས་འདུག འདི་ཇི་ལྟར་ཡིན་ནམ་དབང་དང་སྔགས་ལ་མི་མོས་ན་སྨོན་འཇུག་ཏུ་སེམས་བསྐྱེད་ནས་བསླབ་པ་གསུམ་མམ། ཕར་ཕྱིན་དྲུག་གམ། ཆོས་སྤྱོད་བཅུ་ལ་བསླབས་པས་རིམ་གྱིས་སངས་རྒྱ་བ་ཡིན། ལམ་བདེ། འཇུག་པ་བདེ་བ་ཡིན་པ་ལ། ཡང་སྔགས་ལ་བརྟེན་པའི་ཆག་ཆོག་མང་པོ་བྱེད་པ་གཅིག་ཡོད་པར་འདུག དེ་འདྲ་ལ་མོས་ན་དབང་བསྐུར་བྱེད་དུ་ཐང་། དེ་རང་ཚིག་དང་འགལ་བ་ཅིག་ལགས། སངས་རྒྱས་ཀྱི་བསྟན་པ་བྱ་བ་མ་འདྲེས། མ་ནོར། ཚང་བ་ཅིག་ལམ་དུ་འགྲོ་བ་ལགས། ཡང་ད་ལྟ་བླ་མ་དང་སློབ་མ་མཚན་ཉིད་དང་ལྡན་པ་མེད་པས་དབང་བསྐུར་མི་བྱེད་དོ་སྙམ་ན། དེ་སེམས་