R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༥ན
[A:༡༡༥ན]དབང་དུ་བྱས་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་སངས་རྒྱས་པར་འགྱུར། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་རྩ་གཉིས་སངས་རྒྱས་པ་ཡང་ཤཱཀྱ་ཐུབ་པ་དང་གཅུང་མོས་པའི་བསྟན་པ་མ་གཏོགས་པ་སྟོང་ཐམ་པ་ཐམས་ཅད་ཕར་ཕྱིན་ལ་བརྟེན་ནས་སངས་རྒྱ། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་རྣམས་ན་ཡང་སྔགས་ཀྱི་སྒྲ་ཙམ་ཡང་མི་གྲག་པར། ལམ་བདེ་བ་ལ་འཇུག་པ་ལ་ཕར་ཕྱིན་གྱི་ལམ་འདི་ཡིན་ཞེས་པའི་གོ་བ་ནས། རྒྱལ་པ་འདས་དང་མ་བྱོན་པ། །ཞེས་གསུངས་པ་ལགས། སྔགས་ཀྱི་བཞེད་པས་ཕ་རོལ་ཏུ་ཕྱིན་པ་རྒྱུའི་ལམ་པ། སྔགས་འབྲུའི་ལམ་པ་བགྱི་བ་ལགས་པས་ཕ་རོལ་ཏུ་ཕྱིན་པ་ལ་ས་བཅུ་ལས་མེད། སྔགས་ལ་དེའི་སྟེང་དུ་རྡོ་རྗེ་འཛིན་པའི་ས་གསུམ་བགྲོད་དགོས་ཟེར། ཕ་རོལ་ཏུ་ཕྱིན་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་དེ་ལ་ཡང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར་དགོས་ལ། དབང་དེ་མ་བསྐུར་གྱི་བར་ལ་ཆོས་སྐུ་མངོན་དུ་མི་བྱེད་པ་ཡིན། དེས་ན་འདས་མ་འོངས་ཀྱི་སངས་རྒྱས་ཐམས་ཅད་སྔགས་སམ་དབང་ལ་བརྟེན་དགོས་བྱ་བ་ཡིན། དེ་ལྟ་བུའི་ལུང་མང་། ཡང་ན་གོང་གི་སྡུད་པའི། ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། བྱ་བ་དེ་ཉན་རང་གི་ལམ་རྣམས་ལ་གཞན་ཡིན་ཟེར་བ་ཡིན། ཕར་ཕྱིན་དྲུག་གི་བཤད་པ་མང་། ཤེས་རབ་དང་། ཕ་རོལ་དང་། ཕྱིན་པ་ཐམས་ཅད་ཀྱི་འབྲུ་བཤད་ཀྱང་སྔགས་ལ་བྱས་པ་ཡོད། དེས་ན་ལུང་འདམ་གྱི་ཕུར་པ་ཡིན་གསུངས། འོ་ན་ཕར་ཕྱིན་དྲུག་པོ་འདི་སྔགས་ནའང་དེ་བཞིན་མང་ན། མདོ་