R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༣ན
[A:༡༡༣ན]གི་ལ་ཁྱོད་ཀྱིས་ཚེ་སྔ་མ་ལ་ཚེ་ཕྲིལ་ལེ་ལ་སེར་སྣ་ཤ་སྟག་བྱས། ཚེ་གཞུག་འཆི་ཁར་ཡུལ་བྱང་ཆུབ་སེམས་དཔའ་གཅིག་ལ་བསམ་པ་དད་ནས་དངོས་པོ་རྣམ་དག་གཅིག་ཕུལ་ནས་འདུག་བྱས་པས། དེའི་རྟགས་སུ་བླ་མཆོད་ང་འདྲ་བ་དང་འཕྲད། ལོངས་སྤྱོད་འབྱོར་བ་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཡོད་ཀྱང་། ཁྱོད་སྔ་མ་སེར་སྣ་ལ་གོམས་པས་ད་དུང་གཏོང་ཡེ་མི་ནུས་པ་འདི་བྱུང་བ་ཡིན་ཏེ། དེ་ལས་འདྲེས་མ་ལས་གྱུར་པའི་དཔེ་དེ་འདྲ་བ་ཅིག་ལགས་གསུངས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྤྲུལ་མཁན་གྱི་རྣམ་པར་སྣང་མཛད་ཆེན་པོ་དེ་དང་། རིགས་ལྔའི་རྣམ་པར་སྣང་མཛད་འདི་གཉིས་ཨེ་གཅིག་ཞུས་པས། དེ་མི་གཅིག རིགས་ལྔ་བརྡའི་སངས་རྒྱས་བྱ་བ་ཡིན་པས། སངས་རྒྱས་སུ་སངས་མི་རྒྱ་ན་མི་རྒྱ། རྒྱ་ཕན་ཆོད་རིགས་ལྔའི་བདག་ཉིད་དུ་སངས་རྒྱ་བ་ཡིན་པས། སངས་རྒྱས་དེའི་སྐུ་ལ་རྣམ་པར་སྣང་མཛད་ཟེར། གསུང་ལ་སྣང་བ་མཐའ་ཡས། ཐུགས་ལ་རྡོ་རྗེ་སེམས་དཔའ། ཡོན་ཏན་ལ་རིན་ཆེན་འབྱུང་ལྡན། འཕྲིན་ལས་ལ་དོན་ཡོད་གྲུབ་པ་ཟེར་བ་ཡིན། སངས་རྒྱས་སོ་སོའི་འདུལ་ངོ་ལ་ལྔ་པོ་དེ་གཙོ་ཆེ་ཆུང་ཡོད། ལྔ་ཀ་དང་མི་ལྡན་པའི་སངས་རྒྱས་མི་སྲིད། རྣམ་པར་སྣང་མཛད་གང་ཆེན་མཚོ་བྱ་བ་དེ། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །དེ་ནི་སྤྲོས་དང་བྲལ་ལས་སྣང་བར་འགྱུར། །བྱ་བ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་ལ་འཆར་བ་ལགས་གསུངས། ཤཱཀྱ་ཐུབ་པ་ལྟ་བུ་སྤྲུལ་པའི་སྐུ་ཞལ་མཐོང་བ་ལ་ཚོགས་ལམ་