R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༠༥ན
[A:༡༠༥ན]སོ། །དེ་ནས་ཉེར་གཉིས་ཀྱི་དྲོ་ཐོན་པ་ལ་ཀུན་དེར་འཚོགས་ནས་ཡོད་ཙ་ན། བླ་མ་སྟག་ལུང་པའི་དབོན་པོ་དེ་ཀུན་ལ་ཆོས་གསུང་གིན་ཡོད་པ་གདའ། དེ་ནས་གུར་གྱི་ཕྱིར་བྱོན་ཙ་ན། གུར་གྱི་རྒྱབ་ཕྱོགས་དེར་ཆབ་བསིལ་བ་སྟོན་གཞོན་གྱི་ཆབ་དེའི་ཧུབ་གཅིག་ཨེ་མྱོང་ན་སྙམ་དེའི་ཐོ་ཕྱིར་ཕྱིན་པས། ཕྱ་རུ་བ་ངའི་འཆད་དཀའ་བ་ཡོད་དམ་གསུངས་སྐད། ཡོད་ལགས་བྱས་ནས་བརྒྱུགས་པས་ཆབ་ཧུབ་གང་མྱོང་ནས། བདག་ཕ་ཚད་ན་ཡོད་པ་སྦྲན་ནས་ཕྱིན་པས་ཀུན་འཚངས་ཟིན་ནས་ཕྱིས་ལས་མ་སླེབས་པ་དང་། བླ་མའི་ཞལ་ནས་ཁོང་ཡར་ཐོངས་གསུངས་ནས་ཁྲིའི་དྲུང་དུ་བཞག་ནས། བཀའ་གདམས་པ་འདི་དེ་ནས་རྒྱུད་མི་ཐོས་པ་གདའ་བས། རྒྱུད་ཆུང་དུ་འདི་དང་སྒྲུབ་ཐབས་འདི་ཀུན་ལ་ལུང་ཐོབ་ཙམ་གྱི་བཤད་པ་གཅིག་བྱེད་དགོས་གསུངས་ནས། སྔོན་དུ་རྒྱུད་དེ་བཀླགས་ཀྱིན་བཤད་པ་མཛད། དེ་ནས་སྒྲུབ་ཐབས་དེ་གསུངས། ལས་ཚོགས་འགའ་ཡང་གསུངས། དེའི་འཕྲོ་ལ་ནོར་བུ་ཕྲེང་བ་ཞུ་ཟེར་བ་གཅིག་གཉིས་བྱུང་། བདག་ལ་བོས་ནས་ཁྱོད་ལ་འདིའི་དཔེ་ཨེ་ཡོད་གསུངས། ཡོད་ལགས་བགྱིས་པས། ཉེ་གནས་པ་གཅིག་ལ་འདིའི་དཔེ་ཁྱེར་ལ་ཤོག་ཅིག་བཤད་དོ་གསུངས་ནས། མར་མེའི་འོད་ལ་བཀླགས་ཀྱིན་དེའི་འཇིག་རྟེན་པའི་ལེའུ་དེ་གསུངས་སོ། །གཞན་རྣམས་གྱེས་ནས་ཡང་གསུང་གླེང་ཨེན་ཅིག་མཛད་དོ། །དེ་ནས་ཉེར་གསུམ་གྱི་ནུབ་མོ་ནོར་བུའི་ཕྲེང་བའི་ཆོས་འཕྲོ་དེ་གསུངས་ནས། ཁྱོད་ཀྱི་ད་དེ་ཤེས་པར་ཨེ་སྣང་གསུངས་པས། ཤེས་པར་འདུག་བགྱིས། རྒྱུད་དེ་ལའང་ནན་ཏན་དང་ལྗགས་བཤད་ཅིག་མཛད་དོ། །གཞན་གྱེས་ནས་