R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༩༣བ
[A:༩༣བ]འཇའ་ས་མུ་ཏིག་མ་བསྟན་ཟིན་ནས། ད་ནི་འཇའ་ས་བོད་ཡིག་མའམ། བནྡེ་གཤེད་བསྐྱེད་མ་ལས་འབྱུང་ཚུལ་བཤད་པར་བྱ་སྟེ། དེ་ཡང་། །ཨོཾ་སྭསྟི་སིདྡྷཾ། བཀྲ་ཤིས་དང་དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བསོད་ནམས་རིན་ཆེན་ལས་གྲུབ་ཡེ་ཤེས་དཀྱིལ་འཁོར་རབ་རྒྱས་མཚན་དང་དཔེ་བྱད་ཀུན་ནས་འབར་བའི་སྐུ། །བརྩེ་བའི་རླུང་གིས་ཆོས་དབྱིངས་མཁའ་ལ་རབ་བསྐྱོད་ལེགས་བཤད་གསུང་ཟེར་ཚ་ཟེར་བྱེ་བའི་འོད་འཕྲོས་པས། །བདུད་སྡེ་རྒྱུ་སྐར་ཟིལ་གནོན་གཞུང་ལུགས་ངན་པའི་མུན་སེལ་སྣ་ཚོགས་ཀུན་འཇུག་གདུལ་བྱའི་འཇིག་རྟེན་གྱི། །བློ་གྲོས་པདྨོ་རབ་ཏུ་རྒྱས་མཛད་རྫོགས་པའི་སངས་རྒྱས་སྐྱེ་དགུའི་སྒྲོན་མེ་དེ་ལ་ཕྱག་འཚལ་ལོ། །དེ་ཡི་ལེགས་གསུང་ཀུན་ནས་རྣམ་དག་གསལ་ཞིང་མ་འདྲེས་པ། །སྲིད་པའི་གདུང་བ་རབ་ཏུ་སེལ་བར་བྱེད་པའི་བསིལ་ཟེར་ཅན། །རྣམ་པར་རྟོག་པའི་རབ་རིབ་འཇོམས་མཛད་བདུད་རྩིའི་དཀྱིལ་འཁོར་མཆོག །སྤྲོས་པ་རབ་ཞི་དམ་ཆོས་ཟླ་བ་དེ་ལ་ཀུན་ནས་འདུད། །ཀུན་གཞིའི་ས་གཞིར་ལྷག་བསམ་ས་བོན་དད་པའི་ཆུ་གཏེར་དང་། །སངས་རྒྱས་ཉི་མའི་གསུང་ཟེར་གྱིས་བསྐྱེད་དགེ་ལེགས་ལོ་འདབ་ཅན། །ཉེས་པའི་འདམ་གྱིས་མ་གོས་མཁྱེན་པའི་སྙིང་པོ་རབ་རྒྱས་པ། །གཞན་དོན་སྦྲང་རྩིའི་བཅུད་ལྡན་དགེ་འདུན་པད་ཚལ་རྒྱས་གྱུར་ཅིག །མཆོག་གི་སྤྲུལ་སྐུ་བརྙེས་ཀྱང་མཐའ་ཡས་གདུལ་བྱའི་ངོར། །སྤྲུལ་པས་ཐ་མལ་ལུས་བཟུང་དགུང་ལོ་བཅུ་གཉིས་ལ། །འཇམ་དབྱངས་ཞལ་གཟིགས་མཁྱེན་བརྩེའི་ཆོས་རྣམས་སྟོན་མཛད་པ། །སྙིང་པོའི་མཐའ་