R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༩༣ན
[A:༩༣ན]གི་ལུགས་བཞིན་བསྒྲུབས་ནས་ཆོས་ཀྱི་ལུང་ལེགས་པར་ཤེས་པ་བྱུང་ན་ཕྱོགས་རིས་མེད་པར་བཀུར་བསྟི་དང་ཞབས་ཏོག་ལེགས་པར་བྱེད་པ་ཡིན། དེ་ལྟར་ལུགས་བཞིན་བྱེད་པའི་དགེ་འདུན་རྣམས་ལ་གཞན་དམག་དཔོན་དང་། དམག་མི། མཁར་དཔོན། དར་ཁ་ཆེ། གསེར་ཡིག་པ་ལ་གཏོགས་པ་གང་གིས་ཀྱང་རི་རྒྱུ་མ་བྱེད། དམག་ཁྲལ་ལས་གསུམ་གང་ཡང་མ་བཀོད་པར། ཤཱཀྱ་མུ་ནེའི་ལམ་གྱི་ལུགས་ལས་ལོག་པ་མི་བྱེད་ཅིང་གནམ་མཆོད་པ་དང་། ངེད་ཀྱིས་སྨོན་ལམ་འདེབས་ཀྱིན་སྡོད་ཆུག འདས་ནས་འཛིན་རྒྱུའི་འཇའ་ས་བྱིན་པ་ཡིན། དགེ་འདུན་རྣམས་ལྷ་ཁང་དང་ཁང་པར་གསེར་ཡིག་པ་མ་བབས་སུ་ཆུག ཟ་མ་འུ་ལག་མ་ལེན་དུ་ཆུག ལྷ་ཁང་ལ་གཏོགས་པའི་ས་ཆ་དང་། ཆུ་དང་། ཆུ་ཐགས་ལ་སོགས་པ་ཅི་ཡིན་པ་ཐམས་ཅད་མ་འཕྲོགས་མ་འཐེན་ཆུག ལུགས་མེད་པའི་གཤེད་མ་ཚོང་ཆུག དགེ་འདུན་རྣམས་ཀྱིས་ཀྱང་འཇའ་ས་ཡོད་པ་ཡིན་ཟེར་ནས་ཤཱཀྱ་མུ་ནེའི་ལུགས་ལས་ལོག་པ་བྱེད་པ་གར་འཐད། ངེད་ཀྱི་ལུགས་ཀྱི་བྱི་བ་ལོའི་དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལ་གཤོང་ཐོར་བྲིས། བདེ་བར་གཤེགས་པའི་བསྟན་པ་ཆོས་ཀྱི་གྲུ། །འཁོར་བ་རྒྱ་མཚོའི་ཕ་རོལ་མྱུར་སྒྲོལ་བའི། །མཉེན་པ་མཁས་པ་འཕགས་པའི་མཚན་ཅན་ལ། །བརྟེན་ནས་གཞན་ལ་ཕན་པའི་གཏམ་འདི་བྱས། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །རྒྱལ་བའི་ཡོན་ཏན་རིན་ཆེན་གླིང་ཞུགས་ཏེ། །འཕྲིན་ལས་འོད་རྫོགས་དགེ་བ་རབ་མཉེས་པས། །ཡིད་ཀྱི་མུན་པ་མ་ལུས་སེལ་གྱུར་ཅིག །ཅེས་པ་འདི་སེ་ཆེན་རྒྱལ་པོའི་འཇའ་ས་མུ་ཏིག་མའོ། །དེ་རྣམས་ཀྱིས་