R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༠ན
[A:༦༠ན]ཀྱི་བསྟན་བཅོས་ལ་ལེགས་བཤད། ཐོར་བུ་བ་ལ་འཕྲོག་བྱེད་དགའ་བོ་ཕམ་པར་བྱས་པའི་ཚིགས་བཅད། བ་གོ་ར་ཞེས་བྱ་བའི་སྒྲ་ལས་དྲངས་པའི་ཚིགས་བཅད། བློ་གསལ་བའི་སྐྱེས་བུ་རྣམས་ལ་ཇི་ལྟར་དྲི་བའི་ཚིགས་བཅད། བདག་ཉིད་ཀྱི་རྣམ་ཐར་ང་བརྒྱད་མ་རྩ་འགྲེལ་རྣམས་མཛད། འཕྲིན་ཡིག་དང་ཞུས་ལན་གྱི་སྐོར་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཞུ་བའི་འཕྲིན་ཡིག སྐྱེས་བུ་དམ་པ་རྣམས་ལ་སྤྲིངས་ཡིག བསྟན་པ་ལ་དགའ་བའི་ལྷ་རྣམས་ལ་སྤྲིངས་ཡིག ཤིང་ཀུན་ན་བཞུགས་པའི་དགེ་འདུན་རྣམས་ལ་སྤྲིངས་ཡིག ཉི་མ་ལ་སྤྲིངས་ཡིག གློ་བོ་ལོ་ཙཱ་བ་ལ་སྤྲིངས་ཡིག ཞང་ལོ་ཙཱ་བ་ལ་གདམས་པ། འོད་འཇོ་བའི་དགེ་བཤེས་ལ་སྤྲིངས་ཡིག སྙེ་མོ་སྒོམ་ཆེན་ལ་སྤྲིངས་ཡིག དོ་གོར་བའི་ཞུས་ལན། ཆག་ལོ་ཙཱ་བའི་ཞུས་ལན་རྣམས་མཛད། ཐེག་པ་ཐུན་མོང་མ་ཡིན་པའི་སྐོར་ལ། འཇམ་དཔལ་གྱི་སྒྲུབ་ཐབས་ཀྱི་གསལ་བྱེད། སྒྲོལ་མའི་སྒྲུབ་ཐབས། གཟའ་ཡུམ་གྱི་མཆོད་པའི་ཆོ་ག ཞི་བ་འཚོ་ལས་བརྒྱུད་པའི་གཟའ་ཡུམ་གྱི་སྒྲུབ་ཐབས། ཟུང་འཇུག་གསལ་བའི་དཀྱིལ་འཁོར་གྱི་ཆོ་ག སྣང་བ་མཐའ་ཡས་ཀྱི་བསྒོམ་དོན། འཆི་ཁ་མའི་གདམས་ངག་རྣམས་མཛད། བླ་མེད་ཀྱི་སྐོར་ལ། བླ་མའི་བསྟོད་པ་གཉིས། རྣལ་འབྱོར་དབང་ཕྱུག་གི་བསྟོད་པ། བདེ་མཆོག་བརྒྱུད་པའི་བསྟོད་པ། བླ་མའི་རྣལ་འབྱོར་ཆེན་མོ། ཕྱི་ནང་གསང་གསུམ་གྱི་མཎྜལ། ལམ་འབྲས་ཀྱི་ཁྲིད་ཀྱི་དཀར་ཆག སྒྲུབ་པ་ལུང་སྦྱིན། རྟེན་འབྲེལ་ལྔས་ལམ་ཡོངས་སུ་རྫོགས་པ། ལམ་སྦས་བཤད་རྩ་བ་ཡན་ལག་དང་བཅས་