R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༩བ
[A:༥༩བ]མཛད་པ་ནི། རྗེ་བཙུན་གོང་མ་རྡོ་རྗེ་འཆང་དང་གཉིས་སུ་མ་མཆིས་པའི་གཞུང་ལུགས་རྣམས་མི་ཉམས་པའི་ཕྱིར་ཁོ་ན་ཡིན་ནོ། །གསུང་རབ་དེ་དག་གི་རྣམ་གྲངས་མདོ་ཙམ་ཞིག་གོང་དུ་བརྗོད་ཟིན་ཡང་འདིར་ཞིབ་ཏུ་བརྗོད་ན། སྒྲའི་ཕྱོགས་ལ་ཤེས་རབ་འཕྲོ་བ། སྒྲ་ལ་འཇུག་པ། སྨྲ་སྒོའི་བསྡུས་དོན། བྱིས་པ་བདེ་འཇུག་གི་འགྲེལ་པ། ཡི་གེའི་སྦྱོར་བ། སྒྲ་ཉེ་བར་བསྡུ་བ་རྣམས་མཛད་ལ། ཚད་མ་ལ་རིག་པའི་གཏེར་རྩ་འགྲེལ། སྙན་ངག་ལ་མཁས་པའི་ཁ་རྒྱན་བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ་མཛད། སྡེབ་སྦྱོར་ལ་སྡེབ་སྦྱོར་མེ་ཏོག་གི་ཆུན་པོ། མངོན་བརྗོད་ལ་ཚིག་གི་གཏེར། ཟློས་གར་ལ་རབ་དགའི་འཇུག་པ་དང་རོལ་མོའི་བསྟན་བཅོས། བཟོ་རིག་པ་ལ་སྐུ་གཟུགས་ཀྱི་བསྟན་བཅོས་དང་ས་བརྟག་པའི་རབ་བྱེད། གསོ་བ་རིག་པ་ལ་ཡན་ལག་བརྒྱད་པའི་དོན་བསྡུས། ནང་རིག་པ་ལ་བསྟོད་པའི་སྐོར་ལ། སངས་རྒྱས་ཀྱི་བསྟོད་པ། ཐུབ་པའི་བསྟོད་པ། སྤྱན་རས་གཟིགས་ཀྱི་བསྟོད་པ་གཉིས། འཇམ་དབྱངས་ཀྱི་ཕྱག་མཚན་རི་མོ་ལ་བསྟོད་པ། བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་ཆེན་ལ་བསྟོད་པ། འཇམ་དབྱངས་ཀྱི་བསྟོད་པའི་རྣམ་བཤད་རྣམས་མཛད། ཐེག་པ་ཐུན་མོང་ལ། གྲུབ་མཐའི་རྣམ་འབྱེད། ཐུབ་པ་དགོངས་གསལ། སྡོམ་གསུམ་རབ་དབྱེ། སེམས་བསྐྱེད་ཆེན་མོ་ལུང་སྦྱོར་དང་བཅས་པ། ཆོས་ཉམས་སུ་བླང་བའི་རིམ་པ། ཆོས་སྤྱོད་བཅུ་པ། ཞེན་པ་བཞི་བྲལ། ཐེག་པ་ཆེན་པོའི་ལམ་གྱི་རྣམ་གཞག་མདོར་བསྡུས་པ། བསྔོ་བའི་ཡོན་བཤད་རྣམས་མཛད། གཞུང་ལུགས་སྤྱི་ལ་མཁོ་བ་མཁས་པ་འཇུག་པའི་སྒོ། གཞུང་ལུགས་ལེགས་དཔྱད། ལུགས་