R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༨བ
[A:༥༨བ]མཐའ་དག་གི་དོན་བསྡུས་པ་དང་། སྒྲའི་བསྟན་བཅོས་མཁས་པ་འཇུག་པའི་སྒོ་དང་། ཤེས་རབ་འཕྲོ་བ་དང་། ཤེས་རབ་ལ་འཇུག་པ་དང་། སྒྲ་ཉེར་བསྡུ་ཞེས་བྱ་བ་བཞི་དང་། ཚད་མའི་བསྟན་བཅོས་སྡེ་བདུན་གྱི་སྙིང་པོ་རིག་པའི་གཏེར་འགྲེལ་པ་དང་བཅས་པ་དང་། བཟོའི་བསྟན་བཅོས། སྐུ་གཟུགས་ཀྱི་བསྟན་བཅོས་དང་། ས་བརྟག་པ་དང་། བསྟན་པ་རིན་པོ་ཆེའི་རྩིས་དང་། སྨན་དཔྱད་ཀྱི་བསྟན་བཅོས་ཡན་ལག་བརྒྱད་པའི་བསྡུས་དོན་དང་། ནང་རིག་པ་ལ་གསུང་རབ་སྤྱིའི་དོན་གསལ་བར་བྱེད་པ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་ཞུ་བའི་འཕྲིན་ཡིག གྲུབ་མཐའ་རྣམ་འབྱེད་དང་། ཕ་རོལ་ཕྱིན་པའི་གཞུང་ལུགས་སྤྱིའི་ཚོགས་ཆོས་ཆེན་མོ་དང་། གསང་སྔགས་ལ་རྗེ་བཙུན་པས་མཛད་པའི་བདག་མེད་མའི་བསྟོད་པའི་འགྲེལ་པ། རྡོ་རྗེ་ཐེག་པའི་མན་ངག་རྟེན་འབྲེལ་ལྔའི་ཡི་གེ ལམ་སྦས་བཤད་དང་བླ་མའི་རྣལ་འབྱོར། ཁྲིད་ཀྱི་དཀར་ཆག་ལ་སོགས་པ་དུ་མ་དང་། རིག་པའི་གནས་ཆུང་བར་གྲགས་པ་ལ། སྡེབ་སྦྱོར་མེ་ཏོག་གི་ཆུན་པོ་དང་། དེའི་ངལ་གསོའི་དཔེ་ཙམ་སྟོན་པ་བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ་དང་། སྙན་ངག་མཁས་པའི་ཁ་རྒྱན་དང་། མངོན་བརྗོད་ཚིག་གི་གཏེར་དང་། ཟློས་གར་རབ་དགའི་འཇུག་པ་དང་། དེའི་རོལ་མོ་དབྱངས་འདྲེན་པའི་ཕྱོགས་ཙམ་སྟོན་པ་རོལ་མོའི་བསྟན་བཅོས་དང་། གཞན་དེ་དུས་ན་ཆོས་རྗེ་ཉིད་གངས་ཅན་གྱི་ཁྲོད་ན་ལུང་རིགས་མན་ངག་ཐམས་ཅད་ལ་ཐེ་ཚོམ་ཟ་བ་ཐམས་ཅད་ཀྱིས་འདྲི་བའི་གནས་ཡིན་པས། ཞང་ལོ། ཆག་ལོ། གློ་བོ་ལོ་ཙཱ་བ་གསུམ་ལ་སོགས་བསྔགས་པ་དང་། དགེ་སློང་རྡོ་རྗེ་སེང་གེ་སོགས་བཀའ་