R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༤བ
[A:༥༤བ]འདྲ། དེ་ནས་བླ་མའི་རྣལ་འབྱོར་འདི་གནང་བས། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཕགས་པ་འཇམ་དཔལ་དུ་མཐོང་། མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། དེ་ཉིད་ཀྱི་འཆི་ལྟས་ལས་གྲོལ། ཁམས་ཤིན་ཏུ་བདེ། དེ་ནས་སྒྲ། ཚད་མ། སྙན་ངག སྡེབ་སྦྱོར། ཚིག་གི་རྒྱན། གསང་སྔགས། ཕ་རོལ་དུ་ཕྱིན་པ། མངོན་པ། འདུལ་བ་ལ་སོགས་པ་ལུང་དང་རིག་པའི་གནད་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པར་གཟོད་གོ །སྡེ་སྣོད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཐོབ། ལྷ་འདྲེ་མི་གསུམ་ཡང་བྱམས་པར་བྱུང་། རྒྱ་གར་གྱི་རྒྱལ་པོ་ལ་སོགས་པ་ང་རྒྱལ་ཅན་ཐམས་ཅད་ངེད་ལ་ཆོས་ཞུ་ཟེར་ནས་རྩིས་སུ་བྱེད་པའང་གཟོད་བྱུང་། ནང་དུ་ཡང་དག་པའི་རྟོགས་པ་ཅུང་ཟད་སྐྱེས་སོ་ཞེས་པ་དང་། བསྟོད་པ་བྱེད་པས་ཀྱང་། ཟབ་མོའི་ལམ་གྱིས་བྱིན་གྱིས་བརླབ་པའི་ཚེ། །རྗེ་བཙུན་བླ་མ་འཇམ་པའི་དབྱངས་སུ་གཟིགས། །སྐད་ཅིག་གཅིག་ལ་ཆོས་རྣམས་ཐུགས་སུ་ཆུད། །ཐུགས་གྲོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གཞན་ཡང་རྗེ་བཙུན་ཆེན་པོ་དེ་ནི་བདག་ཉིད་ཆེན་པོ་འདིའི་སྐུ་ཚེ་མང་པོའི་དགེ་བའི་བཤེས་གཉེན་ཡིན་ཏེ། ས་སྐྱ་ན་ཆོས་གསུང་གིན་བཞུགས་པ་ན་སྐྱེ་བ་ཉི་ཤུ་རྩ་བདུན་དུ་ཚད་མ་རྣམ་འགྲེལ་ལ་མཁས་པའི་པཎྜི་ཏ་ཡིན་ནོ། །སྐྱེ་བ་དེ་དང་དེ་དག་ཏུ་རྗེ་བཙུན་གྲགས་པ་རྒྱལ་མཚན་དགེ་བའི་བཤེས་གཉེན་དུ་གྱུར་པ་ཡིན་ནོ། །དེ་མ་ཡིན་པ་གཞན་གྱིས་ཁྱོད་འདུལ་བར་འོས་པ་མ་ཡིན་ནོ་ཞེས་ནམ་མཁའ་ལས་གྲགས་སོ་ཞེས་སོ། །དུས་གཞན་ན་སུམ་ཅུ་རྩ་བདུན་ཞེས་སོགས་གསན་ནོ། །སྐྱའོ་ཁ་གདངས་སུ་