R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༣བ
[A:༥༣བ]ཞེས་དང་། ཡང་དེས། ཤེས་རབ་འབྱུང་གནས་སྐྱེས་པ་ན། །ཤེས་བྱའི་ཚོགས་རྣམས་མི་འདར་ན། །དེ་ལ་སེམས་མེད་ཡང་ན་ནི། ལྐུགས་པའམ་བ་གླང་མངོན་སུམ་ཡིན། །ཞེས་གསུངས་པ་དང་། བྲམ་ཟེའི་སློབ་དཔོན་ཤཾ་ཀ་ར་ནནྡས། ཝཱ་རཱ་ཎ་སཱིར་བྲམ་ཟེའི་པཎྜི་ཏ་རྣམས་དང་བརྩད་པ་ན། སློབ་དཔོན་གྱི་རིག་པ་ཤིན་ཏུ་བརླིང་བ་དེ་དག་གིས་མ་གོ་བས། སློབ་དཔོན་ལ་རྟོག་གེའི་འཇུག་པ་མ་ཤར་ཟེར་སྨད་པའི་ཚེ། སློབ་དཔོན་གྱིས། ཉ་པའི་ཚོགས་ཀྱིས་རིན་ཆེན་རིན་ཐང་མེད་རྙེད་པ། །ཀུན་གྱི་རབ་བསྣམ་ཡང་ཡང་མྱང་ཞིང་བརྡར་མོད་ཀྱི། །དྲི་དང་རོ་དང་ཁ་དོག་འདོད་བཞིན་མ་རྙེད་པས། །རྣམ་པར་སྨད་དེ་རྒྱ་མཚོའི་ནང་དུ་དོར་ཞེས་གྲགས། །ཀྭ་ཡེ་རིན་ཆེན་བླུན་པོའི་ཚོགས་ཀྱི་ལག་འགྲིམས་ནས། །མ་བསྲེགས་མ་བརྡུངས་ཕྱེ་མར་རླག་པར་མ་བྱས་པར། །རང་གི་གནས་སུ་ཕྱིན་པས་དགའ་བ་ཅིས་མི་བསྒོམ། །བདེ་བྱེད་དགའ་བོའང་གནས་སྐབས་དེ་དང་འདྲ་བར་འགྱུར། །ཞེས་གསུངས་ཤིང་། ཡང་སློབ་དཔོན་སྨྲ་བའི་སེང་གེས། ཡང་ནས་ཡང་དུ་ལག་གཉིས་བརྐྱངས་ནས་རབ་སྨྲས་ནས། །ཇི་ལྟར་རིག་པར་རིང་རིང་ལྟར་དེ་བརྗོད་པའི་ཚེ། །སྨྲ་བའི་སེང་གེ་རྒོལ་བ་ཁོ་བོ་འཁོད་གྱུར་ན། །དབང་ཕྱུག་ཆེན་པོའང་ཡི་གེ་ཙམ་ཡང་ཤེས་མ་ཡིན། །ཞེས་བྲིས་ནས་སྙུག་རིང་ལ་བཏགས་ནས་མཁས་པའི་གྲྭ་ས་རྣམས་སུ་དྲིལ་བསྒྲགས་པ་དང་། པཎྜི་ཏ་ཤྲཱི་གྷ་ན་ཤྲཱི་ན་རེ། རབ་ཏུ་བྱེད་པ་སྡེ་བདུན་ལུས་གྲིམས་རྣམ་འགྲེལ་རྒྱན་གྱི་མཆེ་བ་ཅན། །ཆོས་མཆོག་རལ་པའི་ཁུར་འཛིན་བརྡ་སྤྲོད་བྱེད་པའི་སྡེར་མོ་རབ་རྣོ་བས། །མུ་སྟེགས་གླང་པོའི་ཀླད་འགེམས་རྒོལ་རྣམས་སྐྲག་བྱེད་གང་བྱེད་