R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • Pagination (Witness A): 202
[A:202]པོའི་བདེན་གཉིས། ཇོ་བོའི་ལམ་སྒྲོན། གཏམ་བྱ་རིན་ཆེན་ཕྲེང་བ། བཤེས་སྤྲིང། ཕྱ་བསྡུས། རིགས་གཏེར་རང་འགྲེལ། རྨ་བྱ་བྱང་བརྩོན་གྱི་དབུ་མའི་སྟོང་ཐུན། ཐུབ་པ་དགོངས་གསལ། འདུལ་བའི་གླེང་འབུམ་དང། བུ་སྟོན་ཆོས་འབྱུང་རྣམས་ལ་ཡང་ཞུ་བ་པོ་སོ་སོའི་ངོར་བཤད་ལུང་ཡང་དག་སྩལ་ལོ་ཞེས་འབྱུང་ངོ༎ བྱའི་ལོ་vc: 1501འདི་ལ་བླ་མའི་སྐུའི་དཀྱིལ་འཁོར་མེ་ལོང་ལ་གཟུགས་བརྙན་ཤར་བ་ཇི་ལྟ་བའི་སྐུ་འདྲ་ཡིད་བཞིན་ནོར་བུ་ཡང་བསྒྲུབ་པར་མཛད་ཅིང། འདིའི་ནང་བཞུགས་སོགས་ཀྱི་ངེས་གནས་དྲུང་ཡིག་ཆོས་རྒྱན་པས་ཡི་གེར་འགོད་པ་གནང་བ་ལས་ཤེས་པར་བྱའོ༎ དེ་ནས་ཆུ་ཕོ་ཁྱི་ལོ་vc: 1502དགུང་ལོ་དོང་ལྔར་ཕེབས་སྐབས། སྒྲ་པ་གྲགས་པ་བློ་གྲོས་པ་དཔལ་སྡིངས་ནས་འབྲས་ཡུལ་དུ། བྱང་པ་བདག་མོ་ཚེ་རིང་མས་སྤྱན་དྲངས་པའི་ཡར་ལམ་མཇལ་དུ་ཕེབས་པ་ལ་དྲི་མལ་གནང་བས། སྒྲའི་ཕྱོགས་ལ་ཕུལ་དུ་ཕྱིན་པའི་མཁྱེན་པ་མངའ་བར་ལེགས་པར་དགོངས་ནས། པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་ཀྱང་ལུང་དང་མཐུན་པ་ཙནྡྲ་པའི་ས་རིས་ཁོང་ལ་གསན་པར་བཞེད་དེ་བཀའ་སྩལ་གནང་བས་སྒྲའི་གླེགས་བམ་གཉིས་ཕྱག་ཏུ་བཞག་ནས། འབྲས་ཡུལ་ནས་བྱུང་བའི་འབུལ་ནོར་རྣམས་སྐྱེལ་བ་དང། སླར་ཡང་སྒྲའི་དཔེ་ཉེར་མཁོ་འདྲ་ལེན་པ་ལ་འབྱོན་ཞུས་པས། མི་གནང་བ་ལས་དྲུང་ནས་རང་སྐུ་ན་ཚོད་བགྲེས་པ་ཚུན་ལམ་ལ་འོ་བརྒྱལ་ཞིང། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང༎ ཡིན་པས་བར་ཆད་དུ་ཡང་འགྱུར་སྲིད་པས་གཏན་མི་ལེགས་གསུང་ཀྱང། དངོས་པོ་རྣམས་ཐུགས་ཀྱིས་མ་དཔོགས་པས་སྐྱེལ་མ་ལ་བྱོན། དེར་ཆིབས་དཔོན་ཤཱཀ་བཟང་ཆིབས་སྐྱེལ་དང། སླར་ཆིབས་བསུ་ལ་གནང་ཞིང། སྒྲ་པ་གྲགས་བློ་བས་ཁོང་རང་གི་ཕྱག་རྫས་རྣམས་ཐེལ་འབྱར་ཡང་དག་གི་གཉེར་ཅག་མཛད་རྗེས། སང་ཤར་ལ་འབྱོན་རྒྱུའི་དོ་ནུབ་སྐས་ལ་འབྱོལ་བས་རྐྱེན་