R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • Pagination (Witness A): 194
[A:194]པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བ་ཞུས་ཏེ། མངའ་རིས་གློ་བོར་བྱོན། དེ་དུས་གློ་བོ་ན་རྒྱ་གར་གྱི་པཎྜི་ཏ་སི་རོ་མ་ཎི་བྱོན་འདུག་ཅིང། ཁོང་གི་ཕྱག་ན་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་རང་འགྲེལ་གྱི་རྒྱ་དཔེ་འདུག་པ་གློ་བོ་སྡེ་པ་བཀྲ་ཤིས་མགོན་གྱིས་སྦྱིན་བདག་གནང་ནས་བསྒྱུར་དགོངས་ནས། རྒྱལ་རྩེར་གུར་པའི་སློབ་དཔོན་སྟེང་ན་གློ་བོ་རང་གི་སྟེང་ས་ཆེནvc: or: stengs chen?མཁན་པོ་བྱས་པའི་ཆོས་རྗེ་དཀོན་མཆོག་ཆོས་སྐྱབས་པར་གྲགས་པ། མི་ཉག་གྲགས་རྡོར་བའི་སྒྲའི་བུ་ཆེན་དེས་ཁས་བླངས་ནས་བྱོན་པས་ཕྱོགས་ཀྱང་མ་མཚོན་པར་འདུག་པའི་སྐབས་དེར་འདུག་པས། པཎྜི་ཏ་རྣམ་པ་གཉིས་ཀྱིས་སྡེ་པ་བཀྲ་ཤིས་མགོན་ལ། ཁྱེད་རང་གློ་བོ་ཡིན་པའི་ལོ་ཙ་བ་དྷརྨ་དྷྲ་ཛ་བསྒྱུར་དུ་བཅུག་ན་ཁོང་གིས་ལེགས་པར་ཤེས་པ་འདུག་ཞུས་པས་འབོད་མི་དང། པཎ་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་ཡང་རྫོང་དགོས་པའི་ཚུལ་ཕུལ་ཡང། ཞི་བ་ལྷའི་རང་འགྲེལ་སྔོན་གྱི་པཎྜི་ཏ་ལོ་ཀོཏྟ་རའི་ཕྱག་ན་ཡང་འདུག་པ་རྒྱ་དཔེའི་སྟེང་ནས་ངེད་ཀྱིས་ཀྱང་མཐོང། ད་ལྟའི་དེ་ཡང་དེ་ཀ་ཡིན་ཚོད་དུ་འདུག་ནའང། སྔོན་གྱི་སྒྲ་བསྒྱུར་ཆེན་པོས་འབད་ནས་བསྒྱུར་བ་ལ་ཉན་བཤད་མེད་པའི་གསར་འགྱུར་དེས་གང་བྱེད་གསུང། དྲུང་ཡིག་ཆོས་རྒྱན་པ་ཡང་བཀས་མ་གྲོལ་ཞེས་གཏམ་དུ་གླེང་ངོ༎ པཎྜི་དེ་ཉིད་གློ་བོ་ནས་བརྒྱུད་དེ་རྒྱ་གར་དུ་གཤེགས་ཤིང། ལམ་དུ་པཎྜི་ཏ་འཕགས་པའི་རིགས་ཤེས་མཚན་ཡོད་པ་དེ་གཤེགས་ནས། པཎྜི་ཏ་ཆོས་ཀྱི་ཉིན་བྱེད་ཀྱིས་ཞུ་ཡིག་རྒྱ་གར་གྱི་ཡི་གེ་བྲིས་ནས། ཛོ་ཀི་ཨ་མཪ་ཏ་ནཱ་ཐ་ཟེར་བ་ལོ་ལྔ་བརྒྱ་ལོན་ཞིང། ལྷ་གནས་སུམ་ཅུ་རྩ་གསུམ་དུ་ཕྱིན་པ་དེ་ལ་བསྐུར་ནས་གསེར་མདོག་ཅན་དུ་ཕུལ་བ་ཡིན་ནོ༎ དེའི་ཕྱི་ལོ་དགུང་ལོ་དོན་གསུམ་བཞེས་པ་ས་མོ་ལུག་གི་ལོ་vc: 1499ཡང་གསང་འདུས་བདེ་མཆོག་